དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིཌ་དང་པོ་ནས་གསུམ་པའི་བར་ནོར་སྲིད་འཁོར་སྐྱོད་སྤྱིར་ན་བརྟན་པོ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-26

    ཉེ་ཆར། ནོར་སྲིད་པུས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ནོར་སྲིད་གཏོང་ཡོང་གནས་ཚུལ་དང་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཚུལ་ཡོངས་བསྒྲགས་བྱས་པ་རེད། ད་ལོ་ཚུན་དུ། དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱིས་ནུས་ཤུགས་བཏོན་ནས་ཕན་འབྲས་ཆེ་རུ་གཏོང་བ་དང་། འཕར་འབོར་སྲིད་ཇུས་དུས་ཐོག་ཏུ་འཆར་འགོད་བྱས་ནས་འདོན་པ། ཚན་རིག་དང་མཐུན་པའི་ནོར་སྲིད་དོ་དམ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས། ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པར་འགན་ལེན་བརྟན་པོ་བྱས་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར། ནོར་སྲིད་འཁོར་སྐྱོད་སྤྱིར་ན་བརྟན་པོ་ཡོད་པ། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི་17.23ཟིན་ནས་དུས་མཚུངས་ལས་5.1%འཕར་བ་དང་འཕར་ཚད་ལོ་སྟོད་དང་བསྡུར་ན་བརྒྱ་ཆའི་གྲངས་0.4ཡིས་མཐོ་བ་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་འགན་ལེན་ནུས་ལྡན་བྱུང་བ་དང་། འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་7.7%འཕར་ཞིང་དེ་ནི་གཙོ་བོ་བུ་གསོའི་ཁ་གསབ་རོགས་དངུལ་སྤར་བས་ཡིན་པ་རེད། སྤྱི་ཚོཌ་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་5.2%འཕར་བ། སྡོད་ཁང་འགན་སྲུང་གི་གཏོང་སྒོ་3.1%འཕར་བ། ཚན་རིག་ལག་རྩལ་ཐད་ཀྱི་གཏོང་སྒོ་3%འཕར་བ། སློབ་གསོའི་གཏོང་སྒོ་1.1%འཕར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།