འགྲན་རར་ལང་ཚོའི་གཟི་དཔལ་ངོམས།

འདི་ནི་སློབ་མས་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་སློབ་མས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར། “སྤྲོ་སྣང་དོད་པའི་ལང་ཚོ། སྐྱེ་སྟོབས་ཀྱིས་ཕྱུག་པའི་སློབ་གྲྭ ཕུགས་འདུན་དོན་གཉེར་གྱི་འགྲན་ར། འབད་འབུངས་ཡར་བརྩོན་གྱི་ལོ་ཆུང”བཅས་བརྗོད་དོན་གཙོ་བོར་བྱས་པའི་ཁྲེང་ཀོན་ཆུས་ཀྱི་2026ལོའི་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཆིག་སྟོང་ཙམ་གྱིས་དཀའ་སྤྱད་རྔུལ་ཆུ་བཏོན་ཏེ་ལང་ཚོའི་གཟི་དཔལ་ངོམས་ཡོད། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་འདི་ནི་ཁྲེང་ཀོན་ཆུས་སློབ་གསོ་ཅུས་དང་ཁྲེང་ཀོན་ཆུས་ལུས་རྩལ་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་སློབ་ཆུང་21དང་སློབ་འབྲིང་8ཀྱི་སློབ་མ་འགྲན་བསྡུར་ནང་ཞུགས་པ་རེད། འགྲན་བསྡུར་འདི་ནི་ཟླ་9ཚེས་29ཉིན་ནས་ཟླ་10ཚེས་18ཉིན་བར་གཉེར་བ་རེད། འགྲན་བསྡུར་གྱི་རྣམ་གྲངས་གྲས་སུ། མཆོང་རྒྱུག་འཕེན་གསུམ་དང་། རྐང་རྩེད་སྤོ་ལོ། ལན་ཆིའུ་སྤོ་ལོ། ཐག་འཐེན། རླུང་འཕྲིན་ལུས་སྦྱོང་། མིག་མངས་སོགས་ཀྱི་རྣམ་གྲངས་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་ཅིང་། དེར་རྩལ་འགྲན་དང་ས་ཁོངས་ཀྱི་སྤྲོ་འཕེལ་ལུས་རྩལ་གྱི་ཁྱད་ཆོས་ལྡན་པ་དང་། ལོ་ན་མི་འདྲ་བའི་སློབ་མའི་ལུས་སྦྱོང་གི་དགོས་མཁོ་དང་འཚམ་པོ་ཡོད།
འབྲེལ་ཡོད་གསར་འགྱུར།