དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མཚོ་བོད་ལྕགས་ལམ་གྱིས་ནུས་ཤུགས་ཡོད་རྒུས་ས་མཐོའི་སྐྱེལ་འདྲེན་བདེ་འཇགས་ཡོང་བའི་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-26

    ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་ཁག་གཅིག་ལ་ས་ཡོམ་གྱི་ཤུགས་རྐྱེན་ཕོག་ཡོད། ལྕགས་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་ཆེད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་འཕྲལ་དུ་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་ལག་བསྟར་གྱིས“སྔོན་ལ་བཀག་སྡོམ་དང་། དེ་རྗེས་ཞིབ་བཤེར། མཇུག་ཏུ་ཤར་གཏོང”བཅས་ཀྱི་བདེ་འཇགས་ཐག་གཅོད་ཀྱི་རྩ་དོན་དོན་འཁྱོལ་ནན་པོ་བྱས་ནས། ལམ་དེ་རྒྱུད་བཞིན་པའི་མེ་འཁོར་གང་མགྱོགས་ཁ་བཀག་པ་དང་འབྲེལ་ཡོད་ལས་སྒྲུབ་བར་ཁོངས་བཀག་སྡོམ་བྱས་ཏེ་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད།

    འཕྲིན་གཏོང་འགན་ལེན་བྱ་རྒྱུ་ནི་ལྕགས་ལམ་འཕྲལ་སྡོམ་ཐག་གཅོད་ཀྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་ཞིང་། ཟི་ལིང་འཕྲིན་གཏོང་དུམ་བུའི་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་བཅས་བོད་ལྗོངས་ས་ཁོངས་ཀྱི་འཕྲིན་གཏོང་འཁོར་ཁང་གསུམ་གྱིས་དུས་གཅིག་ཏུ་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ཡོད། གྲལ་བཤེར་མཇུག་འགྲིལ་སྐབས་འཁོར་ཁང་གསུམ་གྱིས་རིམ་རྩིས་བརྒྱབ་ན་འཕྲིན་གཏོང་སྐུད་ལམ་སྤྱི་ལེ་1133.75དང་། འཕྲུལ་ཁང་གི་སྦྲེལ་ཚུགས་216 ལྕགས་སྒྲོམ་དང་གློག་ཤིང་254བཅས་ལ་སྐོར་ཞིབ་བྱས་ནས་འཕྲིན་གཏོང་སྒྲིག་ཆས་ཚང་མའི་འཁོར་སྐྱོད་གནས་ཚུལ་རྒྱུན་གཏན་ལྟར་ཡིན་པ་གཏན་འཁེལ་བྱས་པ་རེད།

    ད་ཐེངས་ས་ཡོམ་གྱི་ཤུགས་རྐྱེན་འོག ཟླ་10ཚེས་23ཉིན་ཉིང་ཁྲི་ནས་ལྷ་སར་བསྐྱོད་པའི་མེ་འཁོར་C882དང་། K6832 K6834བཅས་གནས་སྐབས་གཏོང་མཚམས་བཞག་ཡོད། ཉིང་ཁྲི་མེ་འཁོར་འབབ་ཚུགས་ཀྱིས་འཕྲལ་མར་བརྡ་ལན་ཧུར་ཐག་ཞུས་ནས། འགྲུལ་པར་སྐྱེལ་འདྲེན་བྱེད་མཚམས་འཇོག་པའི་ཐད་ངང་རྒྱུད་རིང་པོས་གསལ་འགྲེལ་བྱས་པ་དང་། སྤ་སེ་ཕྱིར་སློག་གི་འགྲོ་ལུགས་གོ་རིམ་ལྡན་པའི་ངང་གཉེར་རྒྱུར་ཁྲིད་སྟོན་བྱས་པ། འགྲུལ་རྒྱུན་ཁ་འགྲེམས་ཡག་པོ་བཅས་བྱས་པས། ཚེས་23ཉིན་གྱི་སྔ་དྲོའི་བར་འགྲུལ་པ་200ལྷག་ཙམ་ལ་ཕྱིར་ལོག་རྒྱུའི་ཁ་ཏ་བསླབ་བྱ་བྱས་ཏེ་འཁོར་སྒུག་ཁུལ་གྱི་སྒྲིག་ལམ་བརྟན་པོའི་ངང་བསྲུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།