དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ཀྱིས“དྲ་བ་དྲུག”བརྟན་པོ་བསྐྲུན་ནས་རྨང་གཞིའི་སྒྲིག་བཀོད་བརྟན་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-26

    ཉིན་ཤས་གོང་། གསར་འགོད་པར་མངའ་རིས་ས་ཁུལ་གྱི“འབད་འབུངས་ཡར་བརྩོན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་། དཔའ་ངར་ཆེར་སྐྱེད་ཀྱིས་བརྗིད་ཆེའི་ལེའུ་གསར་རྩོམ”ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། མངའ་རིས་ས་ཁུལ་གྱིས་ས་ཁོངས་འཕེལ་རྒྱས་ཀྱི་ངེས་གནས་ལ་གཞི་ཚུགས་ཏེ། “དྲ་བ་དྲུག”འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱ་གཞི་གཙོ་བོར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་རྒྱུ་རེད།

    འགྲིམ་འགྲུལ་ཟོག་འགྲུལ་དྲ་བ་འཛུགས་སྐྲུན་ཐད། G4218རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག G219དང་G317སོགས་མ་ལམ་གཙོ་བོའི་རིམ་པ་སྤོར་བ་དང་། རིམ་པ་དམའ་བའི་ལམ་དུམ་སྒྱུར་བཀོད་བྱེད་པ། “གཞུང་གསུམ་འཕྲེད་གསུམ་འབྲེལ་དྲུག”གི་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དྲ་བ་བསྐྲུན་པ་བཅས་བྱས་ནས། ས་ཁོངས་ཧྲིལ་པོའི་ཤར་གཏོང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་རེད།

    ས་འོག་མདོང་དྲ་འཛུཌ་སྐྲུན་ཐད། “མཛེས་སྡུག་ལྡན་པའི་མངའ་རིས”འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་ལ་གཞིགས་ནས། གྲོང་ཁྱེར་གྱི་སྙུགས་ཤེད་ཆེ་རུ་གཏོང་བའི་གཙོ་གནད་ལས་གྲྭར་སྐུལ་འདེད་གཏོང་བ་དང་། ས་ཁུལ་དང་རྫོང་གི་དྲོད་རླངས་མཁོ་འདོན་མདོང་དྲ་འཛུགས་སྐྲུན་དང་སྒྱུར་བཀོད། མདོང་ལམ་རྙིང་པ་གསར་བརྗེས་སྒྱུར་བཀོད་སོགས་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་རྒྱུ་རེད།

    དམངས་འཚོའི་ཆུ་དྲ་འཛུགས་སྐྲུན་ཐད། “ཆུ་བེད་ཆུང་གྲས་ལྔའི”འདུ་འགོད་དོན་འཁྱོལ་དང་། ཞིང་ཆུ་འདྲེན་པའི་མདོང་དྲ་རིམ་སྤོར་སྒྱུར་བཀོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འཐུང་ཆུའི་ཆུ་འགོ་ཚད་ལྡན་ཅན་འཛུགས་སྐྲུན་དང་ཕུགས་ཕན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།

    གློག་དྲ་གསར་པ་འཛུགས་སྐྲུན་ཐད། ཁུངས་དྲ་ཐེག་གསོག་རྣམ་གྲངས་ཁག་གཅིག་མགྱོགས་མྱུར་བཀོད་སྒྲིག་བྱེད་པ་དང་། ལེགས་ལྡན་ཐོན་ཁུངས་གསར་སྤེལ་གྱི་གཙོ་གནད་དང་ཟུང་འབྲེལ་བྱེད་པ། ཡུལ་བབ་དང་བསྟུན་ནས་དྲ་གྲུབ་རྣམ་པའི་ཐེག་གསོག་རྣམ་གྲངས་བཀོད་སྒྲིག་བྱས་ཏེ་གློག་དྲའི་འདེགས་སྐྱོར་སྙོམས་སྒྲིག་གི་ནུས་པར་ཤུགས་སྣོན་རྒྱག་རྒྱུ་རེད།

    རབས་གསར་པའི་འཕྲིན་གཏོང་དྲ་རྒྱ་འཛུགས་སྐྲུན་ཐད། “དྲ་ཆེན་མཐའ་མཚམས”འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། “ཀྲའོ་སྟོང་ཟུང”གི་དྲ་རྒྱའི་འདུ་འགོད་མགྱོགས་པོ་ལག་ལེན་བསྟར་བ། གྲངས་འཛིན་གྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་བརྡ་རྟགས་ཡག་པོར་བརྟེན་ནས་འཚོ་བ་ལེགས་སུ་གཏོང་རྒྱུ་རེད།

    རྩིས་ནུས་ལྟེ་གནས་སྐྲུན་པའི་ཐད། རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་བཀོད་པའི་ནང་རང་འགུལ་ངང་མཉམ་འདྲེས་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་གཞི་གྲངས་ཆེ་མོའི་ལྟེ་གནས་མངའ་རིས་ཡན་ལག་ལྟེ་གནས་ཀྱི་ལྟེ་བའི་ནུས་པ་ཏན་ཏིག་བཏོན་ནས་གསར་གཏོད་རྣམ་པ་སྣ་ཚོགས་བེད་སྤྱོད་ལ་གཞི་གྲངས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།