དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    རིམ་རྩིས་བརྒྱབ་ན་འགལ་བ་དང་རྩོད་གཞི་ཁག་4439བདག་སྤྲོད་བྱས་པ་དང་བདག་སྤྲོད་བྱེད་ཚད་91.14%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-26

    ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་གི་དངོས་ཚན་ཅན་གྱི་གཉེར་སྐྱོང”གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)12དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)85ཡི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་རིམ་སྤོར་སྒྱུར་བཀོད་ཡོངས་སུ་ལེགས་གྲུབ་ཟིན་ནས་ལེགས་གྲུབ་ཟིན་ཚད་100%ཟིན་ཡོད། རིམ་རྩིས་བརྒྱབ་ན། འགལ་བ་དང་རྩོད་གཞི་ཁག་4439བདག་སྤྲོད་བྱས་པ་དང་གནད་དོན་ཁག་4046ཐག་གཅོད་བྱས་ནས་ཐག་གཅོད་བྱེད་ཚད་91.14%ཟིན་པ་དེ་མ་དངུལ་སྒོར་དུང་ཕྱུར་3.7དང་འབྲེལ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས“སྒོ་བྱང་དང་། སྤེལ་ཡུལ། སྟོབས་ཤུགས། ལམ་སྲོལ། ཕན་འབྲས”བཅས་ཡོད་པའི“ཡོད་པ་ལྔ”ཡི་འཛུགས་སྐྲུན་དམིགས་ཚད་གཞིར་བཟུང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཡིག་སྐུར་ངོ་བཅར་དང་། ཁྲིམས་འཛིན། སྤྱི་བདེ། ཁྲིམས་ཁང་། མི་སྤྱི། སྡོད་ཁང་འཛུགས་སྐྲུན། དམངས་སྲིད་སོགས་སྡེ་ཚན་མང་པོའི་སྟོབས་ཤུགས་ཟླ་སྒྲིལ་གྱིས་རྒྱུན་སྡོད་དང་། རེས་འཁོར་བཅའ་སྡོད། ལྷན་སྡོད་བཅས་ཀྱི་བྱེད་སྟངས་སྤྱད་ནས་བཅའ་སྡོད་བྱས་པ་རེད། མིག་སྔར་རྫོང་དང་ཤང་རིམ་གཉིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་མི་473རྒྱུན་སྡོད་དང་། མི་205རེས་འཁོར་བཅའ་སྡོད། མི་150ལྷན་སྡོད་བཅས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།