དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དྲིལ་བསྒྲགས་སློབ་གསོ་ཡག་པོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-26

    འདི་ནི་སྒྲོག་འགྲེལ་བྱེད་སར་ལས་དོན་པས་མང་ཚོགས་དང་ཏང་གི་སྒྲིག་ཁྲིམས་ཤེས་བྱའི་སྐོར་སྤེལ་རེས་བྱེད་བཞིན་པ།

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་སྒྲིག་ཨུད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་ཏང་གི་སྒྲིག་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན་དང་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཤིང་། ལས་དོན་པས་ས་གནས་ས་ཐོག་ཏུ་དབང་ཆ་ཕྲན་ཚེགས་བེད་སྤྱོད་ཚད་ལྡན་དང་། ལྟ་སྐུལ་ཐེར་འདོན་ཐབས་ལམ། ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་སོགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།