དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོའི་ནགས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོང་ལས་ལ་གཞོལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-25

    སྨར་ཁོག་ནགས་ལས་ཅུས་ཀྱི་སྐྱེ་ཁམས་བདག་སྐྱོང་བས་རི་སྐོར་རྒྱག་པའི་བར་གསེང་དུ་ངལ་གསོ་བཞིན་པ།

    སྨར་ཁོག་ནགས་ལས་ཅུས་ཀྱི་སྐྱེ་ཁམས་བདག་སྐྱོང་བ་དཔལ་ཆེན་འཕྲིན་ལས་ཀྱིས་ནགས་སྲུང་གི་ཉིན་ཐོ་འབྲི་བཞིན་པ།

    སྨར་ཁོག་ནགས་ལས་ཅུས་ཀྱི་སྐྱེ་ཁམས་བདག་སྐྱོང་བ་ཆོས་དབྱངས་ཀྱིས་རྩི་ཤིང་ལ་ལྟ་ཞིབ་བྱེད་བཞིན་པ།

    སྟོན་དུས་སུ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་སྨར་ཁོག་ནགས་ཁུལ་དུ་སྔོ་ཐིང་ངེར་གནས་ཡོད། ས་མཐོར་གཞི་ཚུགས་པའི་སྐྱེ་ཁམས་བདག་སྐྱོང་བས་གདོད་མའི་ནགས་ཚལ་དང་རི་མཐོའི་སྤང་ལྗོངས་སུ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐོར་སྲུང་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། སྔོ་ཁེབས་ལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད།

    སྨར་ཁོག་ནགས་ཁུལ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། ནགས་སྲུང་བ་མི་རབས་མང་པོས་ཉིན་ལྟར་རི་སྐོར་བརྒྱབ་ནས་སྔོ་ལྗང་སྲུང་སྐྱོང་བྱས་ཏེ་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བཞིན་མཆིས། གཙང་གསུམ་ཆུ་འགོའི་དབུས་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་མུ་མཐུད་སྲུང་སྐྱོང་བྱས་ནས་སྨར་ཁོག་ནགས་ཁུལ་དུ་ཤིང་གཅོད་འབབ་འཕར་ནས་སྐྱེ་ཁམས་སྲུང་སྐྱོང་བར་འགྱུར་རྒྱུར་རམ་འདེགས་བྱས་ཏེ་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།