དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཀྲུང་ལུགས(བོད་ལུགས)གསོ་རིག་དང་སྨན་རྫས་ཀྱི་ཞབས་ཞུའི་དྲ་བ་ཚགས་དམ་དུ་བཏང་ནས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་བསྲུངས་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-25

    ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་གནས་ཚུལ་འབྱོར་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱིས་ས་མཐོའི་ས་ཁོངས་ཀྱི་ཁྱད་ཆོས་དང་ཀྲུང་ལུགས(བོད་ལུགས)གསོ་རིག་དང་སྨན་རྫས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་། དུས་འཁོར་ཧྲིལ་པོའི་བདེ་ཐང་འགན་ལེན། རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས། ཕྱི་ཕྱོགས་སྤེལ་རེས་མཉམ་ལས་སོགས་ཕྱོགས་མང་པོ་ནས་ཤུགས་བརྒྱབ་སྟེ། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས(བོད་ལུགས)གསོ་རིག་དང་སྨན་རྫས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    མཚོ་སྔོན་ཞིང་ཆེན་གྱིས་རྩེ་རིམ་ཇུས་འགོད་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་དང་སྲིད་ཇུས་ཀྱི་མཁོ་སྤྲོད་འཐུས་སྒོ་ཚང་དུ་བཏང་ཞིང་། 《ཀྲུང་ལུགས(བོད་ལུགས)སྨན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་ཀྲུང་ལུགས(བོད་ལུགས)གསོ་རིག་དང་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》བཀྲམ་སྟེ་ཆེད་དོན་འཆར་འགོད་དང་། ཞིང་ཆེན་རིམ་པའི་སྲོལ་ཡིག ལྷན་སྦྱར་སྲིད་ཇུས་བཅས་ཀྱི་ལམ་ལུགས་ཀྱི་འབྲེལ་ཐག་བཙུགས་པ་རེད། རིམ་བཞིའི་ཀྲུང་ལུགས(བོད་ལུགས)གསོ་རིག་དང་སྨན་རྫས་ཞབས་ཞུའི་དྲ་རྒྱ་ཟམ་མི་ཆད་པར་ཚགས་དམ་དུ་བཏང་བས་ཞིང་ཆེན་ཡོངས་སུ་ཀྲུང་ལུགས་གསོ་རིག་རིགས་ཀྱི་སྨན་བཅོས་སྒྲིག་གཞི་996ཟིན་པ་དང་། གཞུང་བཙུགས་ཀྲུང་ལུགས(བོད་ལུགས)གསོ་རིག་སྨན་ཁང་45ཟིན་པ། གཞུང་བཙུགས་ཀྲུང་ལུགས་གསོ་རིག་སྨན་ཁང་ནང་མི་འབོར་ཆིག་སྟོང་རེར་ནད་ཁྲིའི་གྲངས་འབོར་1.16ཟིན་ཡོད། ཕྱོགས་བསྡུས་སྨན་ཁང་98.33%གྱིས་ཀྲུང་ལུགས(བོད་ལུགས)གསོ་རིག་དང་སྨན་རྫས་ཞབས་ཞུ་མཁོ་འདོན་ཐུབ་པ་དང་། ཀྲུང་ལུགས(བོད་ལུགས)སྨན་ཁང་439བསྐྲུན་པས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཁྲོད་ཀྲུང་ལུགས(བོད་ལུགས)སྨན་ཁང་ཕྱོགས་ཡོངས་ལ་ཁྱབ་ཡོད། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་ལེགས་ལྡན་ཆེད་ཚན་19བསྐྲུན་པ་དང་། ཞིང་ཆེན་དང་རྫོང་གིས་ཀྲུང་ལུགས(བོད་ལུགས)གསོ་རིག་གི་གཙོ་གནད་ཆེད་ཚན་32མཉམ་དུ་བསྐྲུན་པས། རྫོང་རིམ་པའི་ཀྲུང་ལུགས(བོད་ལུགས)གསོ་རིག་སྨན་ཁང་དུ“ཆེད་ཚན་གཉིས་དང་ལྟེ་གནས་གཅིག”འཛུགས་སྐྲུན་ཁྱོན་ཡོངས་ལ་ཁྱབ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་རྒྱུན་མཐུད་སྐུལ་འདེད་ཐེབས་ཏེ་ས་མཐོའི་མང་ཚོགས་ཀྱི་ནད་བསྟེན་དཀའ་བའི་གནད་དོན་ནུས་ལྡན་བསལ་ཡོད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཏན་ཏིག་བསྒྲུབས་པས་ལོ་65ཡན་གྱི་རྒན་རྒོན་དང་ལོ་0ནས་3བར་གྱི་བྱིས་པར་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་བདེ་ཐང་དོ་དམ་ཞབས་ཞུ་སྒྲུབ་ཚད་དེ་76.48%དང་92.75%སོ་སོར་ཟིན་པ་དང་། ཐ་མལ་ནད་ཀྱི་ཞབས་ཞུ་དེ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ནང་མཉམ་འདྲེས་གཏིང་ཟབ་བྱས་ནས་མང་ཚོགས་ལ་བདེ་ཐང་དབྱེ་འབྱེད་དང་། ལུས་གསོའི་མཛུབ་ཁྲིད། གཅོང་ནད་ལ་ཐེ་ཇུས་སོགས་སྣ་མང་ཅན་གྱི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱས་ཡོད།

    སྨན་གསུམ་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་འགན་ལེན་ལེགས་སུ་བཏང་ཞིང་། འཕྲོད་བསྟེན་དང་། སྨན་བཅོས་འགན་བཅོལ། སྨན་རྫས་ལྟ་སྐུལ་བཅས་ཀྱི་རྒྱུན་རྣམ་ཅན་གྱི་གྲོས་མོལ་ལམ་སྲོལ་བཙུགས་པས་སྲིད་ཇུས་འབྲེལ་མཐུད་དང་། ལས་དོན་མཉམ་སྒྲུབ། ཐོན་ཁུངས་བསྡུ་སྒྲིལ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་གྲུབ་ཡོད། སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་ལེན་བསྟར་ཏེ་རྒྱལ་ཡོངས་ནས་ཞིང་ཆེན་རིམ་པའི་བོད(སོག)ཀྱི་གསོ་རིག་སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཀྱི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་སྔོན་ལ་བཏོན་ནས་བོད(སོག)སྨན་སྣ་ཁ་531དང་། ཀྲུང་ལུགས་སྨན་རྫས་སྣ་ཁ་202སྨན་བཅོས་འགན་བཅོལ་ནང་བཅུག་པ་མ་ཟད། སྨན་བཅོས་མཉམ་འབྲེལ་ཚོགས་པ་ནང་ཁུལ་དབར་སྨན་སྦྱོར་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་ཀྲུང་ལུགས(བོད་སོག)གསོ་རིག་ཞབས་ཞུའི་རྣམ་གྲངས་564སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།