ཟླ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་གྱི་འོད་ཤུགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་ལྡབ་1.5འཕར་བ།
ཉེ་བའི་ལོ་ཤས་རིང་། ནུས་རྒྱུ་གཙང་མས་མཐུན་རྐྱེན་སྦྱར་བར་བརྟེན། མཚོ་སྔོན་གྱི་འོད་ཤུགས་བཟོ་སྐྲུན་ཐོན་ལས་བབ་བསྟུན་འཕྲལ་སྒྲུབ་བྱུང་ནས“མཚོ་སྔོན་མིང་ཅན”གྱི་འོད་ཤུགས་ཐོན་རྫས་མགྱོགས་མྱུར་རྒྱལ་སྤྱིའི་ཁྲོམ་རར་བཏོན་ཡོད། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། མཚོ་སྔོན་ཞིང་ཆེན་གྱི་འོད་ཤུགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་3.1ཟིན་པ་དེ་དུས་མཚུངས་ལས་ལྡབ་1.5འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།