དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཛའ་བརྩེ་ཟབ་མོར་ཉེ་རིང་མེད།

    —— རི་ཆུ་བརྒལ་བའི་ཀྲུང་ཨའི་མི་ཆོས་རིག་གནས་སྤེལ་རེས་སྔར་བས་ཟབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-25

    འདི་ནི་ཉེ་ཆར་《ངོ་མཚར་ལྷ་སྒྲུང་ཝུའུ་ཁུང》གི་རོལ་རྩེད་དང་རོལ་དབྱངས་ལ་དགའ་པོ་བྱེད་མཁན་ཚོས་ཨ་རིའི་ལུའོ་ཧྲན་ཅི་རྨ་བྱ་ཟློས་གར་ཁང་གི་རྒྱལ་སྒོའི་མདུན་དུ་པར་རྒྱག་བཞིན་པ།

    ཉེ་ཆར། ཀྲུང་གོའི་ཤིན་ཅང་དང་ཨ་རིའི་ཅ་ལི་ཧྥུའུ་ཉི་ཡཱ་ཀྲོའུ་ཡི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ཝུའུ་ལུའུ་མུའུ་ཆི་རུ་བྱས་པ་རེད། ཨ་རིའི་ཕི་ཁོ་ལི་ཝུའེ་ལཱ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་21ཤིན་ཅང་དུ་ཡོང་ནས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དང་ཐ་ཁྲེང་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རུ་ཁག་དང་སྤོ་ལོ་བརྒྱབ་ནས་གྲོགས་པོ་བསྒྲིགས་ཤིང་། འདི་ནི་མཛའ་གྲོགས་འགྲན་བསྡུར་མ་བྱས་གོང་ཕན་ཚུན་འཚམས་འདྲི་བྱེད་བཞིན་པ།

    འདི་ནི་ཉེ་ཆར་ཨ་རི་སོགས་རྒྱལ་ཁབ་ནས་ཀྲུང་གོར་སློབ་སྦྱོང་ལ་ཡོང་བའི་ཕྱི་སྦྱོང་སློབ་མ་ཀྲུང་གོ་ཕྱིར་སྡོད་རང་མིའི་ལོ་རྒྱུས་རྟེན་མཛོད་ཁང་དུ་བསྐྱོད་དེ། རིག་དངོས་ནང་འདུས་པའི་ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་མཛའ་གྲོགས་འགྲོ་འོང་གི་གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུ་དང“སླར་ཡང་ཀྲུང་གོར་རྒྱུས་ལོན་བྱེད། ཕུལ་བྱུང་ཤེས་ལྡན་པའི་གླེང་མོལ་ཚོགས་འདུའི”བྱེད་སྒོར་ཞུགས་པ།

    ཉེ་ཆར། 2026ལོའི“གྲོགས་པོ་བློས་ཐུབ་ཀྱི་འཆར་གཞི”ཞེས་པའི་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་གི་རོལ་དབྱངས་རིག་གནས་སྤེལ་རེས་སྒར་ས་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་དང་ནན་ཅིང་གྲོང་ཁྱེར་དུ་གཉེར་བ་རེད། ཨ་རིའི་མཱ་ལི་ལན་ཀྲོའུ་དང་ཤིན་ཙེ་ཤིས་ཀྲོའུ་སོགས་ནས་ཡོང་བའི་གཞོན་ནུ་ལོ་ཆུང་20ལྷག་ཙམ་གྱིས་ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་མཉམ་དུ་རིག་གནས་ཉམས་ལེན་དང་རོལ་དབྱངས་འགྲེམས་འཁྲབ་བྱས་པ་མ་ཟད། རྟེན་མཛོད་ཁང་དང་ལོ་རྒྱུས་དྲན་གསོ་ཁང་སོགས་ལ་ལྟ་སྐོར་ཡང་བྱས་ཤིང་། འདི་ནི་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲང་ཀྲོའུ་གྲོང་ཁྱེར་ཧུང་མེ་སྤྱི་གླིང་དུ་འཆམ་འཆམ་བྱེད་བཞིན་པ།

    འདི་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཅིན་ཨན་ཁུལ་གྱི་ཀུའུ་ལིང་རི་བོའི་མཛེས་ལྗོངས་ཡིན་པ།

    རྒྱལ་ཁབ་དབར་གྱི་འགྲོ་འོང་ཟབ་ལོས་དེ་མི་དམངས་དབར་མཛའ་བརྩེ་ཟབ་མིན་ལ་ཐུག་པ་དང་། མི་དམངས་དབར་བརྩེ་བ་ཟབ་ལོས་དེ་དམངས་སེམས་གཅིག་མཐུན་ཡིན་མིན་ལ་ཐུག་ཡོད།

    དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཞི་བདེ་རྒྱ་མཚོ་བརྒལ་ནས་རིག་གནས་དང་། སྒྱུ་རྩལ། གསོ་རིག དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་སུ་སྤེལ་རེས་བྱས་ཏེ་དྲོ་སྐྱིད་ལྡན་ལ་གསོན་ཉམས་དོད་པའི་གཏམ་རྒྱུད་མང་པོ་བརྩམས་ཤིང་། ལ་ལས་གར་སྟེགས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་སྒྱུ་རྩལ་འབྲེལ་མཐུད་བྱེད་པ་དང་། ལ་ལས་བྱམས་སེམས་ལ་བརྟེན་ནས་གསོ་རིག་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ལ་ལས་ཕྱི་རྒྱལ་དུ་གྱར་བའི་ཀྲུང་གོའི་རིག་དངོས་ལ་སྲུང་སྐྱོང་བྱེད་པ། ཡང་ལ་ལས་གསར་གཏོད་ཐོན་རྫས་དང་ཞབས་ཞུར་བརྟེན་ནས་ས་གནས་དེ་གའི་འཛད་སྤྱོད་པའི་རྒྱུན་གཏན་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་ཡོད། མི་དཀྱུས་མ་དེ་དག་གི་གཏམ་རྒྱུད་ལས་ཕན་ཚུན་རྒྱུས་ལོན་དང་། ཕན་ཚུན་མྱོང་རོལ། མཛའ་གྲོགས་འགྲོ་འོང་བཅས་བྱེད་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་ལྷག་བསམ་ཟོལ་མེད་ཀྱི་འདུན་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།