རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བསམ་འཆར་བཀྲམ་པ།
མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་འཚམ་པར་བྱས་ཏེ་ལས་ཞུགས་མཐུན་འཕྲོད་རྣམ་པའི་འཕེལ་རྒྱས་གཏོང་སྟངས་གཏོད་པར་རམ་འདེགས་བྱེད་དགོས།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་འཚམ་པར་བྱས་ནས་ལས་ཞུགས་མཐུན་འཕྲོད་རྣམ་པའི་འཕེལ་རྒྱས་གཏོང་སྟངས་གཏོད་པར་རམ་འདེགས་བྱེད་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
《བསམ་འཆར》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། དངོས་ཐོག་མ་འཇོག་དང་མི་སྐྱོང་མ་འཇོག་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས། ལས་ཞུགས་སྔོན་ལ་འཇོག་པའི་སྟོན་ཕྱོགས་མཐའ་འཁྱོངས། མི་ཐབས་རིག་ནུས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་གོ་སྐབས་སུ་འཛིན་པ། ལག་རྩལ་འཕེལ་རྒྱས་དང་འཚམ་པར་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ། ལས་ཞུགས་མཐུན་འཕྲོད་རྣམ་པའི་འཕེལ་རྒྱས་གཏོང་སྟངས་གཏོད་རྒྱུ་ཁ་ཕྱོགས་སུ་འཛིན་པ། ལས་ཞུགས་གོ་སྐབས་གཏོད་པ་དང་། སྲོལ་རྒྱུན་ལས་གནས་ལ་མཐུན་རྐྱེན་སྦྱོར་བ། ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་བ། ལས་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱེད་པའི་མི་ཐབས་རིག་ནུས་ཀྱི་དྲང་ཕྱོགས་ཀྱི་ཕན་ནུས་ཆེ་རུ་ཧུར་ཐག་གཏོང་བ། མི་ཐབས་རིག་ནུས་བཀོལ་སྤྱོད་ལས་ལས་ཞུགས་ཚབ་བྱེད་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་བ་བཅས་བྱས་ཏེ། ལག་རྩལ་ཡར་ཐོན་དང་ཐོན་ལས་རིམ་སྤོར་གཉིས་ལས་ཞུགས་སྐུལ་སྤེལ་དང་དམངས་འཚོ་ལེགས་གཏོང་དང་མཐུན་སྦྱོར་ཡོང་བའི་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་ཡོང་བར་བྱེད་དགོས།
《བསམ་འཆར》ནང་ཕྱོགས་6ཐད་ཀྱི་ལས་འགན་གཙོ་བོ་ཁག་18བཀོད་སྒྲིག་བྱས་ཡོད་དེ། གཅིག་ནས་མི་ཐབས་རིག་ནུས་ཀྱི་ལས་ཞུགས་གསར་གཏོད་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་ཤིང་། གསར་དར་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་ལས་ཞུགས་ཀྱི་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་བ་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་ལས་གནས་བརྟན་པོ་དང་རྒྱ་སྐྱེད་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་རྣམ་པ་གསར་པ་གཏོད་པ། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ལས་རིགས་གསར་པ་གསར་སྤེལ་གང་མགྱོགས་བཅས་བྱེད་དགོས། གཉིས་ནས་ལས་ཞུགས་མཐུན་འཕྲོད་རྣམ་པའི་མི་ཐབས་རིག་ནུས་རིམ་སྤོར་ཐབས་ལམ་གཏོད་དགོས་ཤིང་། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་ལས་ཞུགས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་དང་། མི་ཐབས་རིག་ནུས་བཀོལ་སྤྱོད་ལས་ལས་ཞུགས་ཚབ་བྱེད་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་བ། མི་ཐབས་རིག་ནུས་བཀོལ་སྤྱོད་ཀྱི་ལས་ཞུགས་ཉེན་ཁར་ཚོད་སྐོར་གྱི་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། གསུམ་ནས་ངལ་རྩོལ་པའི་གྲངས་འཛིན་བྱང་ཚད་དང་ལས་ཞུགས་འཇོན་ཐང་ཆེ་རུ་གཏོང་དགོས་ཤིང་།
མི་ཐབས་རིག་ནུས་གསར་གཏོད་ཅན་གྱི་ཤེས་ལྡན་པ་མཉམ་དུ་གསོ་སྐྱོང་བྱེད་པ་དང་། མི་ཐབས་རིག་ནུས་ཀྱི་ཆེད་དོན་གསོ་སྦྱོང་འཆར་གཞི་ལག་བསྟར་བྱེད་དགོས། བཞི་ནས་མི་ཐབས་རིག་ནུས་ཀྱིས་སྤུས་ཚད་མཐོ་བའི་ལས་ཞུགས་ཀྱི་སྲིད་ཇུས་ཞབས་ཞུར་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་དགོས་ཤིང་། མི་ཐབས་རིག་ནུས་ལ་བརྟེན་ནས་ལས་ཞུགས་སྲིད་ཇུས་དོན་འཁྱོལ་ལ་རམ་འདེགས་བྱེད་པ་དང་། ལས་ཞུགས་ཞབས་ཞུའི་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཕྱོགས་སྒྱུར་ལས་སྒྱུར་གྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྔ་ནས་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལམ་ལུགས་དང་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། མི་འཕྲུལ་མཉམ་སྒྲུབ་དང་འཚམ་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལམ་ལུགས་ལེགས་སུ་གཏོང་བ་དང་། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་འཚམ་པའི་ཡོང་འབབ་བགོ་འགྲེམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། དྲུག་ནས་མི་ཐབས་རིག་ནུས་བཀོལ་སྤྱོད་ཀྱི་ལས་ཞུགས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་ཉེན་ཁར་ཁ་གཏད་གཅོག་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། མི་ཐབས་རིག་ནུས་བཀོལ་སྤྱོད་ཀྱིས་ལས་ཞུགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མི་ཐབས་རིག་ནུས་བཀོལ་སྤྱོད་ལས་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་ཤུགས་སྐོར་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། མི་ཐབས་རིག་ནུས་བཀོལ་སྤྱོད་ཀྱིས་ལས་ཞུགས་ཀྱི་ཉེན་ཁར་ཁ་གཏད་གཅོག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
《བསམ་འཆར》ནང་བླང་བྱ་བཏོན་དོན། མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་འཚམ་པར་བྱས་ནས་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཏང་གི་འགོ་ཁྲིད་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་འཆར་འདི་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱས་ཏེ། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་སྟོན་ཕྱོགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མི་ཐབས་རིག་ནུས་བཀོལ་སྤྱོད་ལས་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་པའི་ཐད་སྤྱི་འདོམས་བསམ་གཞིག་བྱེད་པ། ལས་ཞུགས་མཐུན་འཕྲོད་རྣམ་པའི་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་གཏོད་པ་བཅས་བྱེད་དགོས། རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། འཕེལ་སྒྱུར་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། སྲིད་ཇུས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བར་ཕན་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།