དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚན་མོར་གེགས་ཁུལ་དུ་བསྐྱོད་ནས་ཚེ་སྲོག་ལ་སྲུང་སྐྱོང་བྱས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2026-10-25

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ནས“མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    གནོད་འཚེ་ནི་བཀའ་རྒྱ་ཡིན་ཞིང་། ཡོམ་ཁུལ་གྱི་ཆ་སྙོམས་ས་བབ་སྨི་4800ཙམ་ཟིན་པ་དང་ཐག་རིང་ལུང་ཁུག་ཏུ་གནས་ཡོད་ལ། གནོད་འཚེ་ཐོན་སྐབས་མཚན་མོ་ཡིན་མོད། འོན་ཀྱང་ཆ་རྐྱེན་ཞན་ཡང་རོགས་སྐྱོབ་ཀྱི་གོམ་སྟབས་འགོར་དུ་བཏང་མེད། མཚན་གུང་དུ་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་ཐོག་གློག་འོད་ཆེམ་ཆེམ་གྱི་རླངས་འཁོར་གཅིག་རྗེས་གཉིས་མཐུད་ངང་སྐྱོད་བཞིན་ཡོད་པ་དང་རོགས་སྐྱོབ་མི་སྣས་གྲང་ངར་ལ་མི་འཛེམ་པར་མཚན་མོ་བསྟུད་མར་རོགས་སྐྱོབ་བྱེད་པར་བསྐྱོད། གནོད་འཚེ་ཐོན་རྗེས་ཀྱི་ཆུ་ཚོད་12ནང་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་དམར་རུ་ཤང་གི་གྲོང་ཚོ་གཉིས་ཀྱི་ཉེ་འགྲམ་དུ་གེགས་སེལ་གུར་མང་པོ་བརྒྱབ་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་འཕྲལ་མར་ཐབ་ཀ་བཙུགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཚ་སོབ་སོབ་ཀྱི་ཟ་མ་བསྐྱལ་བ་སོགས་མཚན་མོ་དེར་གཉིད་མེད་པའི་མི་གྲངས་ལས་འདས་པས་དུས་ཚོད་དམ་འཛིན་གྱིས་ཚེ་སྲོག་སྐྱོབ་པའི་ལས་ལ་གཞོལ།

    གནོད་འཚེ་ལས་ཀུན་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་འཕེལ་ཞིང་། མིག་སྔར། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་གེགས་སེལ་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་གེགས་ཁུལ་དུ་འབྱོར་བཞིན་ཡོད་ལ། སྤྱི་བདེ་དང་། མེ་ཟོན། སྨན་བཅོས་སྲོག་སྐྱོབ་སོགས་རོགས་སྐྱོབ་སྟོབས་ཤུགས་ཚང་མ་གེགས་ཁུལ་དུ་འབྱོར་ཡོད། འཕྲལ་མར་དང་ལེན་དང་། འཕྲལ་མར་བསྡུ་རུབ། འཕྲལ་མར་འབྱོར་བ་བཅས་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་བཞིན་ཡོད།

    ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་སྔར་བཞིན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། ཀུན་སེམས་གཅིག་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་བྱས་ན་ང་ཚོས་དཀའ་གནད་མཉམ་སྒྲོལ་དང་སྐྱ་རེངས་མཉམ་བསུ་བྱེད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།