དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཕྱི་དངུལ་ཅུས་ཀྱིས་འཕར་འབོར་གྱི་བྱེད་ཐབས་ཁག་གཅིག་འདོན་རྩིས་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-25

    ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་དང་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲུའུ་ཧོ་ཤིན་གྱིས་2026ལོའི་དངུལ་རྩའི་ཁྲོམ་གཞུང་གླེང་སྟེགས་ཀྱི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག ཉེ་ཆར་གསོག་འབོར་སྲིད་ཇུས་སྤུས་འབྲས་ལེགས་གཉེར་ཡོང་བའི་རྨང་གཞིའི་ཐོག རྒྱལ་ཁབ་ཕྱི་དངུལ་ཅུས་ཀྱིས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ནང་ཁེ་ལས་དེ་བས་ལེགས་པའི་ངང་ཞུགས་པར་རྒྱབ་སྐྱོར་དང་། ཁྲོམ་ར་གཉིས་དང་ཐོན་ཁུངས་རིགས་གཉིས་དེ་བས་ལེགས་པའི་ངང་སྤྱོད་ཐུབ་ཆེད་འཕར་འབོར་གྱི་བྱེད་ཐབས་ཁག་གཅིག་གཅིག་སྡུད་ཐོག་འདོན་རྩིས་ཡོད་ཅེས་བཤད་པ་རེད།

    ད་ཐེངས་རྒྱལ་ཁབ་ཕྱི་དངུལ་ཅུས་ཀྱིས་གཅིག་སྡུད་ཐོག་འདོན་རྩིས་ཡོད་པའི་འཕར་འབོར་གྱི་སྲིད་ཇུས་ཀྱི་གྲས་སུ་རྒྱུན་གཏན་རྣམ་གྲངས་སྟབས་བདེ་ཅན་གྱི་མང་འདུས་སྲིད་ཇུས་བཏོན་ནས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་སྣ་མང་ཅན་གྱི་དུས་རྩིས་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ་དང་། ཚོང་དོན་གྱི་ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་ཚོང་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བ་བཅས་དང་། མ་རྩའི་རྣམ་གྲངས་ཀྱི་ཕྱི་དངུལ་དོ་དམ་ལེགས་སྒྱུར་བྱེད་པའི་མང་འདུས་སྲིད་ཇུས་བཏོན་ནས་ཁེ་ལས་ཀྱིས་རྒྱལ་སྒྲོལ་མ་འཇོག་དང་མ་རྩ་བསྡུ་རུབ་དང་དེ་བཞིན་མ་དངུལ་བཀོད་སྒྲིག་བྱེད་པའི་དགོས་མཁོ་སྔར་བས་ལེགས་པའི་སྒོ་ནས་སྐོང་བ། “ནང་དུ་འདྲེན་པ”དང“ཕྱི་རུ་གཏོང་བར”ཞབས་འདེགས་ཞུས་ནས་ཕྱོགས་གཉིས་ཀྱིས་མ་འཇོག་དང་མཉམ་ལས་བྱེད་པའི་བར་མཐོངས་ཆེ་རུ་གཏོང་བ་བཅས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།