ཁྲུང་ཆིང་ཧོང་ཅོའེ་ཐུའོ་འབྲི་ཆུའི་ཟམ་ཆེན་གྱི་ཟམ་པ་གཙོ་བོ་སྦྲེལ་མཐུད་ཐུབ་པ།

ཟླ་10ཚེས་21ཉིན། ལྕགས་གདུང་མཐའ་མ་བཏིང་ཟིན་པ་དང་སྦྲགས། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་ཅུས་ཀྱིས་སྐྲུན་འགན་འཁུར་བའི་བར་བརྒལ་ཆེ་ཤོས་ཀྱི་ལྕགས་ལམ་དང་གཞུང་ལམ་གོ་ཉིས་ཆོད་ཀྱི་དཔྱང་ཟམ་སྟེ། ཁྲུང་ཆིང་ཧོང་ཅོའེ་ཐུའོ་འབྲི་ཆུའི་ཟམ་ཆེན་བདེ་བླག་ངང་སྦྲེལ་མཐུད་ཐུབ་ནས་རྗེས་མཐུད་ཀྱི་ཨར་སྐྲུན་དང་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཧོང་ཅོའེ་ཐུའོ་འབྲི་ཆུའི་ཟམ་ཆེན་ནི་ཁྲུང་ཆིང་ནས་ཁྲང་ཧྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཉིས་གཤིབ་མའི་སྦྲེལ་མཐུད་ལས་གྲྭའི་ལྟེ་བའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། དེ་ཁྲུང་ཆིང་ནན་ཨན་ཆུས་དང་ལེང་ཅང་ཁུལ་གསར་དང་སྦྲེལ་ཡོད་པ་དང་། དེའི་རིང་ཚད་ལ་སྨི་1260ཡོད་པ་དང་། བར་བརྒལ་གཙོ་བོར་སྨི་765ཟིན་པའི་དཔྱང་ཟམ་ཞིག་རེད། འདི་ནི་ཁྲུང་ཆིང་ཧོང་ཅོའེ་ཐུའོ་འབྲི་ཆུའི་ཟམ་ཆེན་འཛུགས་སྐྲུན་བྱ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།