ཧུའུ་ནན་དང་བོད་ཀྱིས་ལག་གདང་སྦྲེལ་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་དཔྱོད་བྱེད་སྒོ་སྤེལ་བ།

འདི་ནི་ཀྲུའུ་ཀྲོའུ་གྲོང་ཁྱེར་དང་གྲ་ནང་རྫོང་གིས་དྲ་ཐོག་གི་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱེད་སྒོ་སྤེལ་བཞིན་པ།
ཉེ་ཆར། གྲ་ནང་རྫོང་ཨུད་སློབ་གསོ་ལས་དོན་ཨུ་ལྷན་དང་རྫོང་སློབ་གསོ་ཅུས་ཀྱིས་ཀྲུའུ་ཀྲོའུ་གྲོང་ཁྱེར་ཧོ་ཐང་ཆུས་སློབ་དཔྱོད་ལྟེ་གནས་དང་མཉམ་ལས་བྱས་ནས། བརྙན་ལམ་སྦྲེལ་མཐུད་དང་བརྙན་ལམ་ཐད་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད། “ཧུའུ་ནན་དང་བོད་ལྗོངས་ཆ་སྒྲིག་བྱེད། གྲངས་རིག་གིས་མཐུན་རྐྱེན་སྦྱར་ནས་རྫོང་ཁོངས་ཀྱི་བསམ་བློ་ཆབ་སྲིད་སློབ་དཔྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི”བསམ་བློ་ཆབ་སྲིད་སློབ་དཔྱོད་ཀྱི་མཉམ་འབྲེལ་བྱེད་སྒོ་སྤེལ་བ་རེད། ས་གནས་གཉིས་ཀྱི་སློབ་ཁྲིད་རྐང་འཛིན་པས་སློབ་གསོ་རོགས་སྐྱོར་དང་། སློབ་དཔྱོད་མཉམ་འབྲེལ། མི་རིགས་མཐུན་སྒྲིལ་བཅས་ཀྱི་སྤེལ་རེས་ལས་སྟེགས་བསྐྲུན་ཏེ། དྲ་ཐོག་ནས་གླེང་མོལ་དང་ཕྱོགས་གཉིས་དབར་མཉམ་འགུལ་བྱས་ནས་གྲངས་རིག་དུས་རབས་སུ་བསམ་བློ་ཆབ་སྲིད་སློབ་གསོའི་སྤུས་འབྲས་ལེགས་གཉེར་གྱི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། ཧུའུ་ནན་ཞིང་ཆེན་གྱི་ཁག་བཅུ་བཞི་པའི་དུས་ཐུང་བོད་སྐྱོར་རུ་མི་ཧོ་ཐང་ཆུས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་དཔྱོད་པ་དབྱི་ཁྲུན་ཧུང་གིས། སློབ་དུས་འདིའི་ཧུའུ་ནན་དང་བོད་ཀྱི་བསམ་བློ་ཆབ་སྲིད་སློབ་དཔྱོད་ཀྱི་ཆ་སྒྲིག་རོགས་སྐྱོར་གྱི་འཆར་གཞིའི་ནང་། ཧོ་ཐང་ཆུས་ཀྱི་གྲོང་ཁྱེར་དང་ཆུས་རིམ་པའི་རྐང་འཛིན་དགེ་རྒན་8ཀྱིས་གྲ་ནང་རྫོང་གི་སློབ་གྲ་འབྲིང་ཆུང་ཁག་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ། རྒྱུན་གཏན་གྱི་དྲ་ཐོག་སློབ་དཔྱོད་དང་ཆ་སྒྲིག་རོགས་སྐྱོར་བརྒྱུད། གྲ་ནང་རྫོང་གི་བསམ་བློ་ཆབ་སྲིད་སློབ་གསོའི་ཞན་ཆ་སེལ་རོགས་བྱ་རྒྱུ་ཡིན་པ་གསལ་པོར་བཀོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།