དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ལ་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་7000འཕྲལ་མར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-25

    འདི་ནི་ས་ཡོམ་བརྒྱབ་རྗེས་ཀྲུང་གོ་ཧྭ་གློག་ཀུང་སིའི་བོད་སྡོད་ཁེ་ལས་ཀྱིས་འཕྲལ་མར་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཏེ། དམག་མིའི་ཏ་དབྱི་200དང་། དམག་མིའི་ཕོ་ཁེབས་400 སྟབས་བདེའི་ཐུག་པ་སྒམ་500 གཏེར་ཆུ་སྒམ་500སོགས་ཀྱི་རོགས་སྐྱོབ་དངོས་ཟོག་ཉོས་ནས་གེགས་ཁུལ་དུ་མགྱོགས་མྱུར་བསྐྱལ་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་དེ་བཞིན་འཐབ་ས་དང་པོའི་ཉེན་སེལ་མི་སྣའི་དགོས་མཁོ་འགན་ལེན་བྱེད་བཞིན་པ།

    འདི་ནི་ཟླ་10ཚེས་23ཉིན། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་རླངས་འཁོར་3དང་རུ་མི་12སྒྲིག་འཛུགས་བྱས་ནས་ཡོམ་ཁུལ་དུ་རོགས་སྐྱོབ་བྱེད་བཞིན་པ། (སྟེང་ཆེན་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་པར་རིས་མཁོ་འདོན་བྱས)

    ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མ་དངུལ་འགན་ལེན་གྱི་ཐོགས་མེད་བགྲོད་ལམ་མགྱོགས་མྱུར་བཏོད་ཡོད། ཟླ་10ཚེས་23ཉིན། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་5000མགྱོགས་མྱུར་གཏོང་སྤྲོད་བྱས་པའི་ཁར་རང་སྐྱོང་ལྗོངས་ནས་བཏང་བའི་གེགས་སེལ་མ་དངུལ་སྒོར་ཁྲི་2000བསྡོམས་ན། རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་7000བཏང་ནས། ནུས་ཤུགས་ཡོད་རྒུས་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་འགན་ལེན་བྱས་ཡོད་པ་རེད།

    གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་ཏན་ཏིག་བྱས་ནས་ནུས་ཤུགས་ཡོད་རྒུས་མ་དངུལ་འགན་ལེན་ཡག་པོ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།