དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུའི་ལམ་འདི་དག་གནས་སྐབས་རིང་དགག་རྒྱུ་ཡིན་པས་དོ་སྣང་གནང་རོགས།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-10-24

    སྦྲ་ཆེན་རྫོང་དམར་རུ་ཤང་ཕྱོགས་སུ་སྐྱོད་སའི་གཞུང་ལམ་གནས་སྐབས་དགག་རྒྱུའི་སྐོར་གྱི་གསལ་བསྒྲགས། 

    རྒྱ་ཆེའི་མང་ཚོགས་དང་ཁ་ལོ་བ་རྣམ་པ།  

    ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པས། སྦྲ་ཆེན་རྫོང་དམར་རུ་ཤང་དུ་སྐྱོད་སའི་ལམ་དུམ་བརྡིབས་པ་མ་ཟད་རི་ནས་རྡོ་ལྷུང་བའི་ཉེན་ཁ་ཡོད། དེར་བརྟེན་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་བ་དང་རོགས་སྐྱོབ་བགྲོད་ལམ་ཤར་གཏོང་ཡོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་གཏན་འབེབས་གཞིར་བཟུང་། ནག་ཆུ་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྦྲ་ཆེན་རྫོང་དམར་རུ་ཤང་དུ་སྐྱོད་སའི་འགྲོ་ལམ་གནས་སྐབས་དགག་རྒྱུའི་གཏན་འབེབས་བྱས་པ་གཤམ་གསལ།   

    གཅིག བཀའ་སྡོམ་གྱི་ལམ་དུམ།  

    (གཅིག)སྦྲ་ཆེན་རྫོང་བེན་མཐའ་ཤང་ནས་ཨར་ཤོག་ཤང་བར་གྱི་ལམ་དུམ(S301) 

    (གཉིས)སྦྲ་ཆེན་རྫོང་སྦྲ་ཆེན་ཤང་ནས་དམར་རུ་ཤང་བར་གྱི་ལམ་དུམ།     

     (གསུམ)སྦྲ་ཆེན་རྫོང་རྫ་སྲིབ་གྲོང་རྡལ་མེ་འབར་ཐང་ཆུ་མཛོད་ཀྱི་སུམ་མདོ་ནས་དམར་རུ་ཤང་བར་གྱི་ལམ་དུམ།  

    (བཞི)འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གད་དམར་གྲོང་ཚོ་ནས་བེན་མཐའ་ཤང་བར་གྱི་ལམ་དུམ།

    གཉིས། བཀག་སྡོམ་བྱེད་སྟངས།  

    ས་ཡོམ་རྒྱག་སའི་ལྟེ་བའི་ཁུལ་གྱི་ལམ་དུམ་དུ་འཕྲལ་སྡོམ་ཉེན་སེལ་དང་། མེ་ཟོན་རོགས་སྐྱོབ། སྨན་བཅོས་མྱུར་སྐྱོབ། གཞུང་དོན་བཀོད་འདོམས་སོགས་ཀྱི་འཁོར་རིགས་དག་ལག་ཁྱེར་ཁྱེར་ནས་སྐྱོད་ཆོག་པ་ཕུད། དེ་མིན་གྱི་འཁོར་རིགས་ཚང་མ་སྦྲ་ཆེན་ནས་ཁ་བྲལ་ཆོག་པ་ལས་ཡོང་མི་ཆོག

    གསུམ། བཀག་སྡོམ་གྱི་དུས་ཚོད།  

    གསལ་བསྒྲགས་འདི་སྤེལ་བ་ནས་བཟུང་ལམ་དུམ་བཀག་གི་ཡོད་པ་དང་། སྤྱི་ཚོགས་ཀྱི་འཁོར་རིགས་ག་དུས་འགྲོ་ཆོག་མིན་ལོགས་སུ་གསལ་བརྡ་གཏོང་རྒྱུ་ཡིན།   བཀག་སྡོམ་རིང་ཁ་ལོ་བ་རྣམ་པས་སྔ་སྣུར་དུ་ཕྱིར་སྐྱོད་ལམ་ཐིག་ཡག་པོ་འདེམས་དགོས་པ་དང་བཀག་སྡོམ་ཁུལ་དུ་ལྟད་མོ་བལྟས་ནས་སྡོད་མི་ཆོག ཚང་མས་མི་དམངས་ཉེན་རྟོག་པའི་བཀོད་འདོམས་ལ་བརྩི་སྲུང་ཞུ་དགོས། བཀོད་སྒྲིག་ལ་བརྩི་སྲུང་མི་ཞུ་བར་རང་དགར་འགག་སྒོ་སྒྲོལ་བ་སོགས་བྱས་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པས། རྒྱ་ཆེའི་མང་ཚོགས་རྣམ་པས་བསམ་ཤེས་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།    

    ཆེད་དུ་གསལ་བསྒྲགས་འདི་སྤེལ། 

    ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་ནས།

    2026ལོའི་ཟླ་10ཚེས་24ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།