གནས་ཚུལ་རྫུན་མ་སྤེལ་མི་རུང་ལ་ཡིད་ཆེས་དེ་བས་བྱེད་མི་རུང་།
2026ལོའི་ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་རེད། མི་ཁག་གཅིག་གིས་སྐབས་དེ་དང་བསྟུན་ནས་དྲ་བའི་ཐོག་ས་ཡོམ་སྐོར་གྱི་ཆ་འཕྲིན་རྫུན་མ་སྤེལ་ཡོད། དེར་བརྟེན། རྒྱ་ཆེའི་དྲ་དམངས་ལ་དྲན་སྐུལ་ཞུ་རྒྱུར་ས་ཡོམ་སྐོར་གྱི་གནས་ཚུལ་གསལ་པོ་མཁྱེན་འདོད་ན་གཞུང་ཕྱོགས་ཀྱིས་སྤེལ་བའི་ཆ་འཕྲིན་ལ་གཞི་འཛིན་དགོས་པ་ལས། ཆ་འཕྲིན་རྫུན་མར་ཡིད་ཆེས་བྱེད་མི་རུང་ལ། ར་སྤྲོད་བྱུང་མེད་པའི་དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་བསྐུར་མི་རུང་བ་དང་། གནོད་འཚེའི་གནས་ཚུལ་འུད་སྒྲོག་བྱས་ནས་སྤེལ་མི་རུང་། གལ་ཏེ་ས་ཡོམ་དང་འབྲེལ་བའི་ཆ་འཕྲིན་རྫུན་མ་ཤེས་རྟོགས་ཐུབ་ཚེ། བོད་རང་སྐྱོང་ལྗོངས་ཀྱི་དྲ་སྦྲེལ་གྱི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་གོང་ཞུ་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚིགས་དང་། “བོད་ལྗོངས་དྲ་རྒྱའི་ཐེར་འདོན”ཞེས་པའི་སྐད་འཕྲིན་སྤྱི་རྟགས་དང་APPརམ་ཡང་ན་ཐེར་འདོན་ཁ་པར་ཨང་གྲངས་0891-6315315བརྒྱབ་ནས་ཐེར་འདོན་བྱས་ཏེ་མཉམ་དུ་ཡོམ་འགོག་གེགས་སེལ་གྱི་དྲ་བའི་སྒྲིག་ལམ་ཡག་པོ་སྲུང་དགོས།


འབྲེལ་ཡོད་གསར་འགྱུར།