མིག་སྔའི་བར་འབྲེལ་བ་ཆད་པའི་མི་གཅིག་ཀྱང་བྱུང་མེད།
ཚེས་23ཉིན་གྱི་ཆུ་ཚོད་18པར་གསར་འགོད་པས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་འཐབ་ས་མདུན་མའི་འཕྲལ་སྡོམ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར། དུད་ཚང་རེ་རེ་བཞིན་གྲལ་བཤེར་ཐེངས་གསུམ་བྱས་པ་བརྒྱུད། མིག་སྔའི་བར་འབྲེལ་བ་ཆད་པའི་མི་གཅིག་ཀྱང་བྱུང་མེད་པ་རེད།
མིག་སྔར། ས་ཡོམ་ཁྲོད་དུ་མི་16རྐྱེན་ལམ་དུ་ཤོར་བ་དང་། མི་76ལ་རྨས་སྐྱོན་ཕོག་པ། ཁང་པ་བརྡིབས་པ་དང་དེ་བཞིན་གནོད་འཚེ་ཕོག་པའི་དུད་ཚང་ཁྱོན་339ཟིན་པ། ལྷས་ར་20ལ་གཏོར་སྐྱོན་ཕོག་ཡོད། ས་ཡོམ་བརྒྱབ་རྗེས་མཚན་གང་རིང་དུད་ཚང་རེ་རེ་བཞིན་འཚོལ་སྐྱོབ་དང་གྲལ་བཤེར་བྱས་པ་རེད། “དུད་ཚང་གཅིག་ཀྱང་མི་ལུས་པ་དང་། མི་གཅིག་ཀྱང་མི་ལུས་པ། ཁུག་ཆ་གཅིག་ཀྱང་མི་ལུས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། དམར་རུ་ཤང་དང་གངས་ཆེན་ཤང་གིས་གཙོས་ཉེ་འཁོར་གྱི་རྫོང་དང་། ཤང་། གྲོང་ཚོ། དུད་ཚང་བཅས་གཅིག་ཀྱང་མ་ལུས་པར་གྲལ་བཤེར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།