བདེ་འཇགས་ངང་དགུན་སྒྲོལ་ཐུབ་པར་གློག་ཤུགས་འགན་ལེན་བྱེད་པ།

འདི་ནི“མངའ་རིས་འོམ་བུའི་མེ་ཏོག”གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་རུ་ཐོག་རྫོང་ཡན་ལག་རུ་ཁག་གིས་500kWཡི་གློག་འཁོར་དང་སྦྲེལ་མཐུད་བྱེད་བཞིན་པ།

འདི་ནི“མངའ་རིས་འོམ་བུའི་མེ་ཏོག”གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་རྩྭ་མདའ་རྫོང་ཡན་ལག་རུ་ཁག་གིས་ལམ་ཐིག་ཁག་ལ་སྐོར་ཞིབ་བྱེད་བཞིན་པ།
ཉེ་ཆར། མངའ་རིས་ས་ཁུལ་དུ་གངས་ཆེན་པོ་ཐེངས་དང་པོ་བབས་པས་ཁོངས་གཏོགས་ཁུལ་གྱི་གློག་དྲའི་སྒྲིག་ཆས་ལ་གངས་གསོག་དང་འཁྱགས་པ་ཐེབས་པ་དང་གློག་འཁོར་སྐྱོད་བརྟན་པོ་མེད་པ་སོགས་ཀྱི་ཉེན་ཁ་འཕྲད་ཡོད། གློག་ཤུགས་བདེ་འཇགས་ཡོང་བའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད། རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིས་གནམ་གཤིས་ངན་པའི་འཕྲལ་སྡོམ་གློག་སྲུང་གི་སྔོན་ཇུས་མགྱོགས་མྱུར་ལག་བསྟར་བྱས་ཏེ་ལས་མི་ཡོངས་ལས་གནས་ཐོག་ཡོད་པ་དང་ས་ཁོངས་ཧྲིལ་པོ་མཉམ་འགུལ་གྱི་བྱ་སྤྱོད་སྤེལ་ནས་གློག་འགན་ལེན་གྱི་འགག་སྒྲོལ་ལས་དོན་ཏན་ཏིག་སྤེལ་བ་རེད། མིག་སྔའི་བར་མངའ་རིས་ཀྱི་ས་ཁོངས་ཧྲིལ་པོའི་གློག་དྲ་འཁོར་སྐྱོད་བརྟན་པོ་ཡོད་པ་དང་ཁོངས་གཏོགས་ཁུལ་གྱི་གློག་རྒྱུན་གཏན་ལྟར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།