ཧུའུ་ཁྲང་ཧྲེང་ས་ཡོམ་གྱི་ལྟེ་བའི་ཁུལ་སྦྲ་ཆེན་རྫོང་དམར་རུ་ཤང་གི་གྲོང་ཚོ་2པར་ཕེབས་པ།
ཟླ་10ཚེས་22ཉིན་གྱི་མཚན་མོའི་ཆུ་ཚོད་10དང་སྐར་མ་33ཙམ་ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་མཚན་མོ་དེ་རང་ལ་ས་ཡོམ་རྒྱག་སར་བསྐྱོད་པ་རེད། ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ་30ཙམ་ལ། ཧུའུ་ཁྲང་ཧྲེང་ས་ཡོམ་གྱི་ལྟེ་བའི་ཁུལ་སྦྲ་ཆེན་རྫོང་དམར་རུ་ཤང་གི་གྲོང་ཚོ་2པར་ཕེབས་འབྱོར་ཟིན་ནས། འཕྲལ་མར་འཕྲལ་སྡོམ་རོགས་སྐྱོབ་ལ་བཀོད་འདོམས་དང་། ས་ཡོམ་གྱི་གནས་ཚུལ་ལ་ཞིབ་དཔྱད་བྱས་པ་མ་ཟད། ཡོམ་འགོག་གེགས་སེལ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།


ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ས་ཡོམ་གྱི་ལྟེ་བའི་ཁུལ་སྦྲ་ཆེན་རྫོང་དམར་རུ་ཤང་གི་གྲོང་ཚོ་2པར་ཕེབས་འབྱོར་ཟིན་ནས། འཕྲལ་མ་ཉིད་དུ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་བཀོད་སྒྲིག་གནང་བ།

ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ།
འབྲེལ་ཡོད་གསར་འགྱུར།