ཉིན་གསུམ་རིང་གི་ནག་ཆུའི་གནམ་གཤིས།
ཚེས་23ཉིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་དང་། ནག་ཆུ་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་ཡོམ་ཁུལ་དང་དེ་བཞིན་དེའི་ཉེ་འཁོར་གྱི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། མ་འོངས་ཆུ་ཚོད་72ནང་ཡོམ་ཁུལ་དང་དེའི་ཉེ་འཁོར་དུ་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་སྟོན་རྒྱུ་ཡིན་པ་དང་། དེའི་ནང་ཚེས་23དང་24ཉིན། སྐབས་འགར་ཁ་ཐོར་རང་བཞིན་གྱི་གངས་ཡུད་ཙམ་འབབ་རྒྱུ་ཡིན་པ་རེད། དྲོད་ཚད་མངོན་གསལ་དོད་པོ་ཆག་གི་མེད་པ་དང་ཕྱི་དྲོའི་ལྷགས་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད། སྦྲ་ཆེན་རྫོང་གངས་ཆེན་ཤང་གི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་8དང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་4ཟིན་གྱི་ཡོད། དམར་རུ་ཤང་གི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7དང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་6ཟིན་གྱི་ཡོད། སྒོང་རི་ཤང་གི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་9དང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་3ཟིན་གྱི་ཡོད།

འབྲེལ་ཡོད་གསར་འགྱུར།