རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་ཀྱི་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ།
ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་གནོད་འགོག་གནོད་འཕྲི་གུད་སྐྱོབ་ཨུ་ལྷན་གྱི་ཁོངས་ཞུགས་ཚན་པ་ཁག་ལ།
2026ལོའི་ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0(བྱང་གི་འཕྲེད་ཐིག་ཏུའུ་32.40དང་ཤར་གྱི་གཞུང་ཐིག་ཏུའུ་93.79)བརྒྱབ་ནས་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད། ད་རེས་ཀྱི་གནོད་འཚེས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་ཀྱི་འཕྲལ་སྡོམ་སྔོན་ཇུས》(བོད་སྲིད་གཞུང་གཞུང་ལས་ཁང་གི་ཡིག་ཨང〔2024〕33)ཀྱི་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་གནོད་འགོག་གནོད་འཕྲི་གུད་སྐྱོབ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་མོས་མཐུན་ཐོབ་པ་བརྒྱུད། ཟླ་10ཚེས་23ཉིན་བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་ཀྱི་རིམ་པ་གསུམ་པའི་འཕྲལ་སྡོམ་བརྡ་ལན་འཕྲལ་མར་ལག་བསྟར་བྱས་པ་རེད། རང་སྐྱོང་ལྗོངས་གནོད་འགོག་གནོད་འཕྲི་གུད་སྐྱོབ་ཨུ་ལྷན་གྱི་ཁོངས་ཞུགས་ཚན་པ་ཁག་དང་ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འགན་ནུས་དང་ལས་འགན་ཁག་བགོས་གཞིར་བཟུང་། ཉེན་སེལ་གུད་སྐྱོབ་དང་གནོད་འཚེའི་རོགས་སྐྱོབ་ཡག་པོ་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་དང་རྒྱུ་ནོར་གྱི་གྱོང་གུན་གང་ཐུབ་ཆུང་དུ་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་ཏན་ཏིག་དང་གནོད་འཚེ་ཕོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།
བོད་རང་སྐྱོང་ལྗོངས་གནོད་འགོག་གནོད་འཕྲི་གུད་སྐྱོབ་ཨུ་ལྷན་གཞུང་ལས་ཁང་ནས།
2026ལོའི་ཟླ་10ཚེས་23ཉིན།
འབྲེལ་ཡོད་གསར་འགྱུར།