ཀྲེ་ཅང་དུ་ཀྲུང་གོའི་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་ངུའི་འགྲེམས་ཚོགས་སྐབས་སོ་གཉིས་པ་འགོ་ཚུགས་པ།

ཟླ་10ཚེས་21ཉིན། ཀྲུང་གོའི་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་ངུའི་འགྲེམས་ཚོགས་སྐབས་སོ་གཉིས་པ་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། སྐབས་འདིའི་འགྲེམས་ཚོགས་ལ་འཛད་སྤྱོད་མཁོ་ཆས་དང་། གློག་རྡུལ་གློག་ཆས། རྩེད་ཆས། ལུས་རྩལ་དང་ཕྱི་རོལ་སྤྲོ་གསེང་མཁོ་ཆས་སོགས་ཀྱི་ལས་རིགས་འགྲེམས་ཁུལ་བཀོད་སྒྲིག་བྱས་པ་དང་ཁྱོན་རྒྱལ་སྤྱིའི་ཚད་ལྡན་འགྲེམས་སྟེགས་4545ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། ས་ཁུལ་བཅས་20ཡི་ཁེ་ལས་2770འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད། འདི་ནི་ཕྱི་རྒྱལ་གྱི་ཚོང་འགྲུལ་པས་་འགྲེམས་ཚོགས་ཐོག་ཚོང་ཟོག་ཉོ་སྒྲུབ་སྐོར་ལ་ངོ་འཕྲད་གྲོས་མོལ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།