“ཀྲུང་གོའི་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་རོགས་ཟླར་གོ་སྐབས་འབོར་ཆེན་བཏོད་ཡོད”
ཉེ་ཆར། མིང་ཏེ་འཐབ་ཇུས་གླེང་མོལ(2026)གྱི་རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། རྒྱལ་ཁབ་10ནས་ཡོང་བའི་རྒྱལ་སྤྱིའི་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་མི་སྣ་13སྔ་རྗེས་སུ་ཅང་ཤིས་ཤིན་ཡུས་དང་ཀྲེ་ཅང་དབུན་ཀྲོའུ་རུ་འཚམས་འདྲིར་བསྐྱོད་དེ། ཐག་ཉེ་པོས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉེན་གཤིས་དང་གསོན་ཤུགས་ཆེན་པོ་ཤེས་ཚོར་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། ཤིན་ཡུས་གྲོང་ཁྱེར་གྱིས་ཨ་ཀེན་ཐིན་གྱི་སར་ཐ་གྲོང་ཁྱེར་དང་རྒྱལ་སྤྱིའི་མཛའ་མཐུན་མཉམ་ལས་གྲོང་ཁྱེར་གྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་ཅིང་། ཨ་ཀེན་ཐིན་སར་ཐ་ཞིང་ཆེན་ཐོན་སྐྱེད་པུའི་པུའུ་ཀྲང་ཧོ་སའེ·དབྱི་ཀེ་ན་ཤིས་ཨའོ·ལུའུ་ཕི་ཝུང་གིས“རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། འབྲུ་རིགས་བདེ་འཇགས། ཐོན་ལས་གསར་གཏོད་སོགས་ཐད་ཕྱོགས་གཉིས་པོའི་དམིགས་ཚད་གཅིག་མཚུངས་ཡིན་པ་དང་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད”ཅེས་བརྗོད།
དབུན་ཀྲོའུ་རུ་ལྟ་སྐོར་འཚམས་འདྲི་བྱེད་རིང་། ཀྲུང་ཕྱིའི་སྐུ་མགྲོན་གྱིས་ས་གནས་ས་ཐོག་ཏུ་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་འཛུགས་སྐྲུན་གྱི་ལག་ལེན་ལ་ལྟ་སྦྱོང་བྱས་ནས་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ཚོར་བ་བྱས་པ་རེད། 2026ལོའི་དབུན་ཀྲོའུ་ཚོང་པའི་འཕེལ་རྒྱས་གླེང་མོལ་དང་ཀྲེ་ཅང་ཞིང་ཆེན་གྱི“རྒྱུད་གཅིག་ལམ་གཅིག”གི་རིག་མཛོད་གླེང་སྟེགས་ཐོག་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་ཀྲེན་ཉི·ཤིས་ཕུའུ་ལི་ཡིས། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། “གྲོས་འགོ་དེ་ས་ཁམས་རིམ་ངོས་ཀྱི་མཉམ་སྦྲེལ་མཉམ་མཐུད་ལས་བྱུང་བ་དང་དཔལ་འབྱོར་གཅིག་སྦྲེལ་གྱི་སྟོབས་ཤུགས་ཆེན་པོ་ལྡན་ཡོད”ཅེས་བརྗོད།
“གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་རྟེན་ས་བརྟན་པོ་འཚོལ་ཞིབ་བྱེད་པའི་རྒྱབ་ལྗོངས་འོག ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཉིད་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་བརྟན་ཆས་དང་སྒུལ་ཤུགས་ཆེན་པོར་འགྱུར་བཞིན་ཡོད”ཅེས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ཟུར་པ་མུའུ་ལ་ཐུའུ·ཐེ་ཤའོ་མེ་ཡིས་བརྗོད་པ་དང་། ཁོང་གིས“ཀྲུང་གོའི་དཔལ་འབྱོར་ལ་མཉེན་གཤིས་གསལ་པོར་མངོན་ནས། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་རྒྱུན་མཐུད་རིམ་འཇུག་རིམ་སྤོར་བྱུང་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་རོགས་ཟླར་གོ་སྐབས་འབོར་ཆེན་བཏོད་པ་དེ་རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བརྗོད།
མིང་ཏེ་འཐབ་ཇུས་གླེང་མོལ(2026)གྱི་རིམ་སྤེལ་བྱེད་སྒོ་ཀྲུང་གོ་མི་དམངས་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ས་ཁོངས་རྒྱལ་ཁབ་ཞིབ་འཇུག་ཁང(ཁྲུང་དབྱང་དངུལ་རྩ་ཞིབ་འཇུག་ཁང)དང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་གོ་ལ་ཧྲིལ་པོའི་འགོ་ཁྲིད་ནུས་པའི་སློབ་གླིང་གིས་གཉེར་འགན་འཁུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།