དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅང་སུའུ་སུའུ་ཀྲོའུ་རུ་རྒྱལ་སྤྱིའི་ནཱ་སྨི་ལག་རྩལ་ཐོན་ལས་འགྲེམས་ཚོགས་སྐབས་བཅུ་དྲུག་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-23

    ཟླ་10ཚེས་21ཉིན། དུས་ཡུན་ཉིན་3གྱི་རྒྱལ་སྤྱིའི་ནཱ་སྨི་ལག་རྩལ་ཐོན་ལས་འགྲེམས་ཚོགས་སྐབས་བཅུ་དྲུག་པ་ཅང་སུའུ་སུའུ་ཀྲོའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། སྐབས་འདིའི་འགྲེམས་ཚོགས་ཐོག་རྒྱལ་ཁབ་ཕྱི་ནང་གི་ནཱ་སྨི་ཁྱབ་ཁོངས་ཀྱི་ཁེ་ལས་རྩེ་གྲ་350ལྷག་ཙམ་མཉམ་དུ་འཛོམས་ནས་རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་ནཱ་སྨི་ལག་རྩལ་དང་ཐོན་ལས་ཅན་གྱི་ཐོན་རྫས་གཅིག་སྡུད་འགྲེམས་སྟོན་བྱས་ཏེ། གོ་ལ་ཧྲིལ་པོའི་ནཱ་སྨི་ཐོན་ལས་ལ་མཉམ་འདྲེས་གསར་གཏོད་དང་ནུས་ཤུགས་གཅིག་སྡུད་ཀྱིས་མཐུན་རྐྱེན་སྦྱོར་བའི་ལས་རིགས་ཀྱི་སྤེལ་རེས་ལས་སྟེགས་བཏོད་པ་རེད།

    འདི་ནི་ཟླ་10ཚེས་21ཉིན། ལྟད་མོ་བ་ཚོས་རྒྱལ་སྤྱིའི་ནཱ་སྨི་ལག་རྩལ་ཐོན་ལས་འགྲེམས་ཚོགས་སྐབས་བཅུ་དྲུག་པའི་ཐོག་ནཱ་སྨི་རྒྱུ་ཆ་ལས་བཟོས་པའི་མངོན་ཆས་ལ་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།