སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་དགོས།
——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ།
ལོ་ངོ་90ཡི་གོང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་གི་འགོ་ཁྲིད་དེ་རི་ཀླུང་ཁྲི་སྟོང་མང་པོ་བརྒལ་བ་དང་དཀའ་ཉེན་ཁྲི་སྟོང་མང་པོ་ལས་རྣམ་པར་རྒྱལ་ནས། འཛམ་གླིང་ལ་གཡོ་འགུལ་ཐེབས་པ་དང་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་རྒྱང་སྐྱོད་རླབས་པོ་ཆེ་བདེ་བླག་ངང་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་གསར་བརྗེའི་བྱ་གཞག་གེགས་བར་ནས་རྒྱལ་ཁའི་ཕྱོགས་སུ་ཁ་ཕྱོགས་རླབས་པོ་ཆེ་འགྱུར་ཐུབ་པ་བྱུང་ཡོད།
ལོ་ངོ་90ཡི་རིང་། བརྗིད་ཉམས་ལྡན་པའི་རྒྱང་སྐྱོད་ཀྱི་མཛད་རྗེས་རྡོ་རིང་དེར་དེ་བས་བཀྲག་མདངས་འཚེར་ནས། ཀྲུང་ཧྭའི་བུ་ཕྲུག་མི་རབས་ནས་མི་རབས་བར་གྱིས་འགག་སྒྲོལ་དཀའ་སེལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་ལྕག་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་བཏོད་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འབད་བཞིན་ཡོད།
“ད་ཆ་ང་ཚོ་གོམ་ཞེང་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད་པས། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་བཀའ་མོལ་དེ་ནི་ལོ་རྒྱུས་དང་། ད་ལྟ། འབྱུང་འགྱུར་བཅས་ལ་ཁྱབ་པ་དང་། དེས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་ངར་ཤུགས་ཆེན་པོར་ལྕག་སྐུལ་བྱེད་བཞིན་ཡོད།
དུས་རབས་གསར་པ་གཏོད་པ་དང་རྒྱང་ལམ་གསར་པར་སྐྱོད་པ་ནི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པའི་བརྗིད་ཆེའི་རྒྱང་སྐྱོད་ཅིག་རེད།
“ད་ཆ། ང་ཚོ་མི་རབས་འདིའི་རྒྱང་སྐྱོད་ནི‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་རེད”
ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་བླངས་ནས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་དགོས་ལ། མིའི་རིགས་ལ་ཡར་ཐོན་དོན་གཉེར་དང་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་དོན་གཉེར་ཡང་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་འགྲོ་ལམ་བརྒྱུད་མདུན་སྐྱོད་བྱེད་བཞིན་ཡོད།
དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་140ཡི་སྐས་རིམ་དུ་སླེབས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལོ་16བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ནས། འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་དུས་ཡུན་རིང་པོར་30%ཙམ་རྒྱུན་འཁྱོངས་ཐུབ་ཡོད།
མི་དམངས་ལ་རྩེ་གཅིག་ཏུ་བརྟེན་པ་དང་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་པ་ནི་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པའི་འབད་འཐབ་ལྷོད་མེད་ཅིག་རེད།
རྒྱང་སྐྱོད་ལམ་གྱི“ཕོ་ཁེབས་ཕྱེད་ཀ”ནས། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་བར་དང་། དེ་ནས་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་བར་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།
མི་དམངས་ཀྱི་ལངས་ཕྱོགས་དེ་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་སུ་བརྩིས་ནས་མི་དམངས་དང་བདེ་སྡུག་མཉམ་མྱོང་དང་། ཁྲག་རྒྱུན་གཅིག་འདྲེས། མཉམ་ཤི་མཉམ་གསོན་བཅས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བྱ་གཞག་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད།
དེང་གི་ཀྲུང་གོར་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཙུགས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།
“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད”ཡིན་པར་དམིགས་པ་དང་། “བདག་འཛིན་རིང་དུ་སྤངས། དམངས་དོན་དང་དུ་ལེན་པའི”དམ་བཅའ་རབ་ཏུ་བརྟན། མི་དམངས་དུང་ཕྱུར་མང་པོས་ཏང་གི་འགོ་ཁྲིད་འོག་རང་རྟོན་དང་། རང་ཚུགས། རང་དར་བཅས་ཀྱི་ཉམས་འགྱུར་ཐོག་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད།
འགོག་རྐྱེན་བསལ་བ་དང་རྒྱལ་ཁ་གསར་པ་བླངས་པ་ནི་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོས་དཀའ་སེལ་འབད་འབུངས་བྱས་པ་ཞིག་རེད།
རྒྱང་སྐྱོད་ཀྱི་ལམ་བར་དུ་དམར་དམག་གི་དཔོན་དམག་ཚོས་དགྲ་བོ་དང་གཡུལ་འགྱེད་དམག་འཐབ་ཐེངས་600ལྷག་ཙམ་བྱས་ཏེ། གཙང་པོ་བརྒྱ་ཙམ་བརྒལ་བ་དང་རི་མཐོ་གཡང་གཟར་40ལྷག་ཙམ་བསྒྲལ་ནས་འཛམ་གླིང་དམག་དོན་ལོ་རྒྱུས་ཐོག་རྔམ་བརྗིད་ལྡན་པའི་དམག་འཁྲུག་གི་ཟློས་གར་ངོ་མཚར་བ་ཞིག་འཁྲབ་པ་རེད།
དུས་རབས་གསར་པར་སླེབས་རྗེས། དུས་བབ་རྙོག་འཛིང་ཆེ་བ་དང་། འཐབ་རྩོད་ཛ་དྲག་པ། ལས་འགན་དཀའ་ཚེགས་ཆེ་བ་བཅས་ནི་འཛམ་གླིང་ན་མཐོང་དཀོན་ཞིང་ལོ་རྒྱུས་སུ་འབྱུང་དཀོན་པ་ཞིག་རེད།
“འཇུར་མིག”གི་འགག་རྩའི་ལྟེ་བའི་ལག་རྩལ་ལ་དམིགས་ནས། ནུས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དང་རང་བརྟེན་གསར་གཏོད་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་དར་ཡོང་བའི་ཀྲུང་གོའི་དབུ་འཕང་མཐོན་པོར་བཏེགས་ཡོད།
སྒོ་ཁྲལ་གྱི་དམག་འཐབ་དང་ཚོང་དོན་གྱི་དམག་འཐབ་འཕྲད་སྐབས། འཚབ་འཚུབ་མེད་པར་ཁ་གཏད་གཅོག་པ་དང་ཕྱོགས་སྟོན་རླབས་གཤག་གིས“ཀྲུང་གོ་བའི་བློ་སྟོབས་དང་། ལ་རྒྱ། སྤོབས་པ་བཅས་ངོམས་ཏེ་ང་ཚོའི་འགྲན་མེད་སྟོབས་ཤུགས་མངོན་ཡོད”
“དགྲ་བོ་ཐམས་ཅད་ཟིལ་གྱིས་གནོན་པ་ལས་དགྲ་བོ་སུ་འདྲ་ཞིག་གིས་ཀྱང་ང་ཚོ་གནོན་མི་ཐུབ་པ་དང་། དཀའ་ངལ་ཐམས་ཅད་སེལ་ཐུབ་པ་ལས་དཀའ་ངལ་གང་འདྲ་ཞིག་གིས་ཀྱང་ང་ཚོ་དབང་དུ་བསྡུ་མི་ཐུབ” ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དཀའ་ཁག་ཅི་ཞིག་འཕྲད་ཀྱང་ཞུམ་མེད་བློ་སྟོབས་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་བཏོད་ཡོད།
སྔོན་ཇུས་ཡག་པོ་བཏིང་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས། དེ་ནི་འཐབ་ཇུས་ཐད་ཀྱི་རང་འགུལ་དབང་ཆ་ཐོབ་པའི་སྔོན་དཔག་རང་བཞིན་གྱི་འཆར་འགོད་ཅིག་རེད།
“རྒྱང་སྐྱོད་ནི་རི་མཐོ་གཡང་གཟར་སྒྲོལ་བ་དང་། ཆུ་བོ་དང་གྲམ་ཐང་བརྒལ་བ། རྩྭ་ཐང་དང་ཐང་རྒོད་བརྒྱུད་པ་བཅས་ཡིན་མོད། འོན་ཀྱང་འགྲུལ་བཞུད་ཀྱི་ལམ་ཐག་རེ་རེ་དང་། འགག་སྒྲོལ་རེ་རེ། འཐབ་འཛིང་རེ་རེ་བཅས་ཚང་མ་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་པས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་མ་ཟད། འཐབ་ཇུས་ཐད་ཀྱི་རང་འགུལ་དབང་ཆ་ཡང་ཐོབ་ཡོད”
འགྱུར་ལྡོག་གདོང་ལེན་དང་། རྣམ་པ་གསར་པ་གཏོད་པ། རྣམ་པར་རྒྱལ་བ་བཅས་བྱས་ཡོད།
གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འདོན་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པའི་འཐབ་ཇུས་ཀྱི་གདམ་ག་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་བསྙོན་མེད་དོན་དམ་ཞིག་ཏུ་བརྩིས་ནས། རང་རྒྱལ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཕོ་འགྱུར་གཏིང་ཟབ་ཕྱོགས་ཡོངས་ནས་ཐུབ་པར་བྱས་ཡོད།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་བརྟེན་ནས་དུས་རབས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དེ་ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་འོད་སྟོང་འཕྲོ་བའི་ལམ་ཆེན་ཞིག་ཏུ་གྱུར་ཡོད།
བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་བའི་ཐད། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ཁ་གསལ་བཏོན་ནས། མི་དམངས་དམག་དཔུང་གི་སྣེ་ཁྲིད་དེ་ཏང་གི་བཀོད་འདོམས་ལ་ཉན་པའི་དམག་དཔུང་སྟོབས་ཆེན་གྱི་བླ་སྲོག་བརྟན་པོ་འཛུགས་པ་དང་འཛམ་གླིང་གི་དམག་དཔུང་རྩེ་གྲ་མགྱོགས་མྱུར་བསྐྲུན་དགོས།
ཡིད་ལ་གནམ་འོག་འཆང་བ་དང་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཡོངས་ནས་སྟོབས་ཤུགས་འདོན་པ་དང་འགག་རྩ་ནས་ཐག་གཅོད་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་པོར་འཛིན་ཐུབ་པར་བྱེད་དགོས།
དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཁ་སྒྱུར་ཕྱོགས་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ཡོད་རྐྱེན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱིས་དཀའ་ངལ་གཙང་སེལ་དང་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ཡོད།
ཐོག་མཐའ་བར་གསུམ་དུ“ཟུང་འབྲེལ་གཉིས”མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། ཏང་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཐད་དོན་དངོས་ཀྱི་དོན་སྙིང་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་ཆེན་པོ་ལྡན་ཡོད།
ད་ལྟའི་དུས་སུ། ཏང་དང་མི་དམངས་ལ་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་ཐོབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་པའི་རྩ་བ་ནི“གཏན་འཁེལ་གཉིས”ལ་ཐུག་ཡོད།
རྒྱང་ལམ་གསར་པ་ནི་རྒྱང་སྐྱོད་གསར་པ་ཞིག་རེད།
སྔར་བྱུང་མྱོང་མེད་པའི་བྱ་གཞག་རླབས་པོ་ཆེ་གང་ཡིན་པ་དེ། དཀའ་ཚེགས་བརྒྱ་ཕྲག་དང་བགྲོད་ལམ་ཀྱག་ཀྱོག་དེ་ལྟར་ལྡན་པ་དང་། ལྷག་པར་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་དགོས་ལ། ཡིད་ཆེས་བརྟན་པོ་དང་དམིགས་ཚད་གཏན་འཁེལ་བྱས་ནས་གོམ་པ་རེ་རེ་བཞིན་མདུན་དུ་བརྟན་པོ་སྤོ་དགོས།
རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར། ང་ཚོས་རང་ཉིད་རྣམ་པར་རྒྱལ་ངེས་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་ལ། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་གཏན་འཁེལ་དམིགས་ཚད་མངོན་འགྱུར་བྱས་ཏེ། ཏང་ཀྲུང་དབྱང་གིས་བཀོད་པའི་བརྗིད་ཆེའི་འཆར་གཞི་རིམ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་བར་བྱེད་དགོས། ཕུལ་བྱུང་གི་ཁྱད་གཤིས་དར་སྤེལ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་གྲ་སྒྲིག་བྱེད་པ་དང་། ཏང་གིས་ཐོག་མཐའ་བར་གསུམ་དུ་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ཆེན་པོ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས། བློ་རྩ་བརྟན་པོས་མཐུན་སྒྲིལ་འབད་འཐབ་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་ཏང་དར་འོག་ཏུ“སྲ་ཞིང་བརྟན་པའི་ངར་ལྕགས”ལྟར་མཐུན་སྒྲིལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཡར་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་དགོས།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། སེམས་ནུས་གཅིག་སྒྲིལ་དང་གོམ་ཞེང་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། རྒྱང་སྐྱོད་ལམ་བུ་གསར་པར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ལེའུ་གསར་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
གྲུབ་འབྲས་ནི་ང་ཚོར་དབང་ངེས་ཡིན་ལ། རྒྱལ་ཁ་ནི་ང་ཚོར་འཐོབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།