2026ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་1.7ལྷག་ཙམ་ཟིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་21ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2026ལོའི་ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ(བུ་བཙའི་འགན་བཅོལ་ཚུད་པ)གྱི་སྤྱི་འདོམས་ཐེབས་རྩའི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་23028.33ཟིན་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ(བུ་བཙའི་འགན་བཅོལ་ཚུད་པ)གྱི་སྤྱི་འདོམས་ཐེབས་རྩའི་གཏོང་སྒོ་བསྡོམས་འབོར་སྒོར་དུང་ཕྱུར་17515.19ཟིན་ཡོད་པ་རེད།
གྲངས་གཞི་ལས་མངོན་པ་ལྟར་ན། གཞི་རྩའི་སྨན་བཅོས་འགན་བཅོལ(བུ་བཙའི་འགན་བཅོལ་ཚུད་པ)གྱི་སྤྱི་འདོམས་ཐེབས་རྩའི་ཡོང་འབབ་ཐད། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ(བུ་བཙའི་འགན་བཅོལ་ཚུད་པ)གྱི་སྤྱི་འདོམས་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་14473.64ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་8554.69ཟིན་ཡོད།
2026ལོའི་ཟླ་དགུ་པའི་བར་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ(བུ་བཙའི་འགན་བཅོལ་ཚུད་པ)གྱི་སྤྱི་འདོམས་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་10044.28ཟིན་པའི་ནང་བུ་བཙའི་འགན་བཅོལ་ཐེབས་རྩའི་ཐོབ་ཐང་གི་གཏོང་སྒོ་སྒོར་དུང་ཕྱུར་1010.10ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་7470.91ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།