དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་མི་དམངས་ཁྲིམས་ཁང་གིས་རིགས་ཁག་གི་གྱོད་གཞི་ཁྲི་3271.25བདག་སྤྲོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། 2026ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། མི་དམངས་ཁྲིམས་ཁང་གིས“ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཧུར་ཐག་ཚོར་ཐུབ་པ་བྱེད་པའི”དམིགས་ཚད་ལ་གཞིགས་ནས། གྱོད་གཞི་སྣ་ཚོགས་ཁྲིམས་ལྟར་གཞུང་དྲང་ཞིབ་གཅོད་བྱས་ཤིང་། རིགས་ཁག་གི་གྱོད་གཞི་ཁྱོན་ཁྲི་3271.25བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་1.48%འཕར་ཡོད་པ་རེད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར་མི་དམངས་ཁྲིམས་ཁང་གིས་ཉེས་དོན་གྱོད་གཞི་ཁྲི་112.32བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་5.64%ཆག་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་དྲ་རྒྱ་སྤྱད་དེ་ལག་བསྟར་བྱས་པའི་བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་གིས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ཟང་ཟིང་ཚབས་ཆེན་བཟོས་པར་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་གྱི་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་དྲ་རྒྱའི་བཟའ་བཅའི་བདེ་འཇགས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་བཅད་པའི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་ནས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་འགན་ལེན་བྱས་ཡོད་པ་རེད།

    དམངས་དོན་དང་ཚོང་དོན་གྱི་གྱོད་གཞིའི་ཐད། མི་དམངས་ཁྲིམས་ཁང་གིས་མི་སེར་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། དུས་ཚིགས་དང་པོ་ནས་གསུམ་པའི་བར་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་ཁྲི་2094.85བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་0.94%ཆག་པ་དང་། འཛུགས་སྐྲུན་ལས་གྲྭའི་ཨར་ལས་གན་རྒྱའི་རྩོད་གཞིའི་གྱོད་གཞི་ཞིབ་གཅོད་ཡང་དག་བྱ་ཆེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ཁྱབ་བསྒྲགས་བྱས་ནས། འཛུགས་སྐྲུན་ལས་གྲྭའི་གན་རྒྱའི་རྩོད་གཞིའི་འདྲི་གཅོད་དང་པོའི་གྱོད་གཞི་ཁྲི་56.41བདག་སྤྲོད་བྱས་ཡོད་པ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ད་དུང་གྲངས་འཛིན་ཁོར་ཡུག་འོག་བརྩམས་ཆོས་བདག་དབང་གི་ཁྲིམས་འཛིན་ལག་ལེན་གྱི་དཀའ་གནད་དང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཁྲིམས་གཅོད་ཀྱི་ཚད་གཞི་ཞིབ་ཚགས་སུ་བཏང་བ་དང་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་པ་རེད།

    སྲིད་འཛིན་གྱོད་གཞིའི་ཁྱབ་ཁོངས་སུ་མི་དམངས་ཁྲིམས་ཁང་གིས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་ལྟ་སྐུལ་བྱས་ཏེ། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྲིད་འཛིན་གྱོད་གཞི་ཁྲི་63.24བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་10.05%འཕར་ཡོད་པ་རེད།

    ལག་བསྟར་གྱོད་གཞི་སྒྲུབ་གཉེར་ཐད། མི་དམངས་ཁྲིམས་ཁང་གིས་ལག་བསྟར་སྒྱུར་བཅོས་ཟབ་ཏུ་མུ་མཐུད་བཏང་ནས། ཁྲིམས་ལྟར་རྒྱུ་ནོར་སྲུང་སྡོམ་དང་། སྣོལ་མར་ལག་བསྟར། ལག་བསྟར་གྲོས་འདོན་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལག་བསྟར་གྱོད་གཞི་ཁྲི་941.42བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་10.12%འཕར་ནས“ཤོག་ཐོག་གི་དབང་ཆ”དེ་བས་མང་བ་དམིགས་སར་དངོས་སུ་འཁྱོལ་བར་བྱས་ཡོད། གཞན་ཡང་། ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོར་གསར་དུ་ཚུད་པའི་མི་གྲངས་དུས་མཚུངས་ལས་1.04%ཆག་ནས་2023ལོ་ནས་ཆག་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།