དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྨ་ཆུའི་ཆུ་གཞུང་གི་ཉིང་ཞ་དུམ་བུའི་ཆུའི་སྤུས་ཚད་ལོ་9བསྟུད་མར་རིགས་Ⅱརྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-23

    ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཁྲོན་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། གསར་འགོད་པར་ཉིང་ཞ་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར།“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཉིང་ཞ་ཡིས་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་ཟམ་མི་ཆད་པར་བཏང་བས། ལྗོངས་ཡོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་རྒྱུན་མཐུད་ཕྱིན་ཡོད། 2025ལོའི་ལོ་མཇུག་བར། རྨ་ཆུའི་ཆུ་གཞུང་གི་ཉིང་ཞ་དུམ་བུའི་ཆུའི་སྤུས་ཚད་ལོ་9བསྟུད་མར་རིགས་Ⅱབརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། ས་ངོས་ཀྱི་ཆུའི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་ཀྱི་རིགས་Ⅲདང་དེའི་ཡན་གྱི་སྤུས་ལེགས་ཆུའི་བསྡུར་ཚད་85%ཟིན་པ་དང་རྒྱལ་ཁབ་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པའི་གྲོང་ཁྱེར་15ཡི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྤུས་ཚད་ཚང་མ་ཚད་ལོན་ནས་སྤུས་ལེགས་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཉིང་ཞ་ཡིས་གཙོ་ཆེའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུའི་སྤུས་ཚད་འགྱུར་ལྡོག་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པ། ཁ་གཏད་རང་བཞིན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱོད་པ་བཅས་བྱས་ནས། ཆུའི་སྤུས་ཚད་ཚད་ལོན་བརྟན་པོ་ཐུབ་པའི་འགན་ལེན་བྱས་ཡོད། བཙོག་འབུད་མདོ་ཁར་མུ་མཐུད་གྲལ་བཤེར་བཅོས་སྒྲིག་བྱས་པ་དང་། རིམ་རྩིས་བརྒྱབ་ན་བཙོག་འབུད་མདོ་ཁ་4682གྲལ་བཤེར་བྱས་པ། རྣམ་གྲངས་རེ་རེ་བཞིན་ལ་བཅོས་སྒྲིག་བྱས་པ། བཅོས་སྒྲིག་བྱེད་ཚད་97.1%ཟིན་ཡོད། རྨ་ཆུར་འདྲེས་པའི་ཆུ་ཡུར་གྱི་སྐྱེ་ཁམས་བཅོས་སྒྲིག་འདུ་འགོད་གཙོ་གནད་ཐོག་ལག་བསྟར་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་རྨ་ཆུར་འདྲེས་པའི་ཆུ་འབུད་ཡུར་བུ་གཙོ་བོ་22ཀྱི་ཆུའི་སྤུས་ཚད་ཚང་མ་ས་ངོས་ཀྱི་ཆུའི་རིགས་Ⅳཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད། གཙང་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཚུན། ཉིང་ཞ་ཡིས་རིམ་རྩིས་བརྒྱབ་ན་རྨ་ཆུའི་ཉིང་ཞ་ཡི་དུམ་བུ་236“གང་བྱུང་དུ་བཟུང་སྤྱོད་དང་གང་བྱུང་དུ་བསྐྲུན་པའི”གནད་དོན་བཅོས་སྒྲིག་ཚད་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།