དེང་རབས་ཞིང་ལས་ལ་གཞི་ཚུགས་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་སྟོབས་ཆེར་བཏང་བ།

འདི་ནི་ཀུང་སི་དེའི་ལས་མིས་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།

འདི་ནི་ཀུང་སི་དེའི་ལས་མིས་ཁེ་ལས་ཀྱི་འགྲེམས་ཁང་ནས་ཐོན་རྫས་འཚོང་བཞིན་པ།
བོད་ལྗོངས་ཀུན་བཟང་ཁེ་ལས་ཚད་ཡོད་ཀུང་སི་2009ལོར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་བཙུགས་པ་དང་། གཙོ་བོ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཀྱི་ཡོད། ཀུང་སིས་ནས་དང་། ས་གནས་དེ་གའི་སྨན་རྩྭ། འབྲིའི་འོ་མ་སོགས་ཐོན་ཁུངས་ལ་བརྟེན་ཏེ་ནས་ལས་སྣོན་དང་། སྤོས་བཟོ་བ། མི་རིགས་ལག་ཤེས་བཟོ་ལས་བཅས་འཕེལ་རྒྱས་བཏང་ནས་རང་བརྟེན་སྤུས་རྟགས་ཆེན་པོ་གཉིས་བཏོད་པར་ཐོན་རྫས་སྣ་ཁ་མང་པོ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།