“ངལ་རྩོལ་དཔེ་བཟང་བའི་བཟོ་བོས་ཁེ་ལས་ལ་རོགས་སྐྱོར་བྱེད—བོད་དུ་སྐྱོད”པའི་ཆེད་དོན་བྱ་སྤྱོད་ལྷུན་གྲུབ་རྫོང་དུ་སྤེལ་བ།
ཉེ་ཆར། ཀྲེ་ཅང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི“ངལ་རྩོལ་དཔེ་བཟང་བའི་བཟོ་བོས་ཁེ་ལས་ལ་རོགས་སྐྱོར་བྱེད—བོད་དུ་སྐྱོད”པའི་ཆེད་དོན་བྱ་སྤྱོད་ལྷུན་གྲུབ་རྫོང་དུ་སྤེལ་བ་རེད།
རིགས་གཅིག་མཁས་ཅན་ཚོགས་པས་བོད་ལྗོངས་རྩེ་ནུང་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཤ་མོ་གསོ་སྤེལ་ཁང་དང་ཤ་མོ་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་དེ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། སྒྲིག་བཀོད་ལེ་ལག་ཚང་སྒྲིག དེ་བཞིན་ས་མཐོའི་ཤ་མོ་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ། འདེབས་འཛུགས་དང་གསོ་སྤེལ་བརྒྱུད་རིམ་ཁྲོད་ཀྱི་ལག་རྩལ་གྱི་འགག་གནད་དང་དཀའ་གནད་སེལ་རོགས་གནད་སྨིན་བྱས་པ་རེད།
ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རིང་ལྗོངས་ཕྱིའི་སྔོན་ཐོན་འདེབས་འཛུགས་ལག་རྩལ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ས་མཐོའི་འཐབ་ས་དང་པོར་བརྒྱུད་སྤེལ་བྱས་ཏེ། ས་གནས་དེ་གའི་ཞིང་ལས་ཁེ་ལས་ཀྱིས་ལག་རྩལ་གྱི་དཀའ་གནད་སེལ་བར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།