ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས།
ཀོག་ཧྥེ་བཟོ་སྟངས་གསོ་སྦྱོང་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་རམ་འདེགས་བྱས་པ།
ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲོམ་རའི་མདུན་ལམ་བཟང་བ་དང་། བཀོལ་སྤྱོད་བྱེད་སྟངས་དངོས་ཀྱི་ཚད་གཞི་དམའ་བ། ལས་ཞུགས་ཐུབ་བདེ་བ་བཅས་ཀྱི་ལས་ཞུགས་ཁྱད་ཆོས་ལ་གཞི་བཙུགས་ཏེ། ཀོག་ཧྥེ་བཟོ་སྟངས་གསོ་སྦྱོང་འཛིན་གྲྭ་གནད་སྨིན་བཙུགས་པ་རེད། གསོ་སྦྱོང་གིས“རྩལ་ནུས་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ཏེ། དབང་པོ་སྐྱོན་ཅན་10བསྡུས་ནས་དུས་ཡུན་ཉིན་10ཡི་ཀོག་ཧྥེ་བཟོ་སྟངས་དང་སྲེག་སྟངས་སྐོར་གྱི་ཤེས་བྱ་གསོ་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་བྱེད་རིང་། སྙིང་སྡུག་ཀོག་ཧྥེ་ཡི་སློབ་ཁྲིད་ཐོན་ཁུངས་སྤྱད་དེ། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་དངོས་སྤྱོད་དངོས་སྦྱོང་ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་ནས་ཀོག་ཧྥེ་ཡི་སྲན་མ་དབྱེ་འབྱེད་དང་། འཐུང་བྱ་བཟོ་སྟངས། ཀོག་ཧྥེ་སྲེག་སྟངས་སོགས་ཀྱི་ནང་དོན་ལ་གཞིགས་ནས་སློབ་ཁྲིད་བྱས་པ་དང་། དངོས་སུ་བཀོལ་སྤྱོད་གཙོ་བོར་འཛིན་པ་མཐའ་འཁྱོངས་ཀྱིས་སློབ་མར་ལག་པ་འགུལ་ནས་སྦྱོང་བརྡར་བྱེད་དུ་བཅུག་སྟེ། ཀོག་ཧྥེ་བཟོ་བའི་བརྒྱུད་རིམ་ཆ་ཚང་བྱང་ཆུབ་པར་བྱས་ཡོད།
གསོ་སྦྱོང་བྱེད་རིང་། གྲོང་ཁྱེར་དབང་སྐྱོན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་དུས་གཅིག་ཏུ་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་དང་ལས་རིགས་འཆར་འགོད་མཛུབ་ཁྲིད་བྱས་ཏེ། སློབ་མས་དབང་སྐྱོན་ལ་ཕན་པའི་སྲིད་ཇུས་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོ་ཡོང་བར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།