ས་ཡོམ་ཁྲོད། མི་16རྐྱེན་ལམ་དུ་ཤོར་བ་དང་མི་32ལ་རྨས་སྐྱོན་ཕོག་ཡོད་པ།
ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ཙམ་ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང(བྱང་གི་འཕྲེད་ཐིག་ཏུའུ་32.40དང་ཤར་གྱི་གཞུང་ཐིག་ཏུའུ་93.79)དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་10ཟིན་ཡོད་པ་རེད།
གསར་འགོད་པར་ནག་ཆུ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་23ཉིན་གྱི་ཆུ་ཚོད་3དང་སྐར་མ་10ཙམ་ལ། གྲལ་བཤེར་བསྡོམས་རྩིས་རགས་ཙམ་བྱས་པ་བརྒྱུད། ས་ཡོམ་གྱི་ཁྲོད་དུ་མི་16རྐྱེན་ལམ་དུ་ཤོར་བ་དང་མི་32ལ་རྨས་སྐྱོན་ཕོག་པའི་ཁྲོད་དུ་མི་11ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་མི་21ལ་རྨས་སྐྱོན་ཅུང་ཆུང་བ་ཕོག་ཡོད། གཞན་ཡང་། ཁང་པ་བརྡིབས་པའི་དུད་ཚང་339ཡོད་པ་རེད། མིག་སྔར། གནོད་འཚེའི་གནས་ཚུལ་མུ་མཐུད་ཞིབ་བཤེར་དང་། ཉེན་སེལ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་སོགས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་མུ་མཐུད་སྤེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།