དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་མཚན་མོ་དེ་རང་དུ་གེགས་ཁུལ་ལ་ཕེབས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-10-23

    ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་། ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་མཚན་མོ་དེ་རང་དུ་གེགས་ཁུལ་ལ་ཕེབས་ཤིང་། ཚེས་23ཉིན་གྱི་ཞོགས་པའི་ཆུ་ཚོད་7དང་སྐར་མ་15ཙམ་ལ་ཧུའུ་ཁྲང་ཧྲེང་སོག་རྫོང་མི་དམངས་སྨན་ཁང་དུ་འབྱོར་ནས་རྨས་སྐྱོན་ཕོག་པའི་མང་ཚོགས་ལ་གཟིགས་པར་བསྐྱོད་དེ། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྨས་སྐྱོན་ཕོག་པའི་མི་སྣ་སྐྱོབ་བཅོས་དང་། “མི་རེར་ཇུས་གཞི་རེ”བཟོས་ནས་སྐྱོབ་བཅོས་ཡག་པོ་བྱས་ཏེ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།