མཛོད་ཁང་འབྲུ་ཡིས་ཁེངས། དམངས་སེམས་བདེ་ལ་འཁོད།

འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་ཞིང་ཁའི་ཟུར་ཞིག་ཡིན་པ།

འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་ཡུལ་མི་བསོད་ནམས་འབྱོར་ལྡན་གྱིས་ཞིང་ནང་དུ་ནས་ཀྱི་སྐྱེ་འཚར་ལ་ལྟ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ས་གནས་དེ་གའི་ས་མཐོའི་མཐོ་གྲང་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གནས་བབ་ཐོག་བཞག་སྟེ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་། ཚད་ལྡན་ཅན་གྱི་གཡོག་བྱེད། ཐོན་ལས་ཅན་གྱི་མཐུན་རྐྱེན་སྦྱོར་བ་བཅས་མཐའ་འཁྱོངས་ཀྱིས་འགན་ལེན་ལམ་སྲོལ་དང་། སོན་བཟང་འདེབས་གསོ། སྣ་ཁ་ཚོད་ལྟ། ལྗང་མདོག་འདེབས་འཛུགས་སོགས་ཕྱོགས་མང་པོར་ཤུགས་སྣོན་བརྒྱབ་ནས་གོ་ཆོད་པའི་འདེབས་འཛུགས་ལག་རྩལ་ཞིང་ནང་དང་མུ་ཁར་སྤྱད་པས་འབྲུ་རིགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་རྙེད་ཡོད།
འབྲེལ་ཡོད་གསར་འགྱུར།