དྲོད་ཁང་ཆེ་མོར་ཚལ་རིགས་སྣ་ཁ་འཛོམས། དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་ལ་འགྲན།

འདི་ནི་རྒྱལ་རྩེ་རྫོང་མཁར་སྨད་ཤང་རྒྱ་སྨད་གྲོང་ཚོའི་འདེབས་འཛུགས་མཉམ་ལས་ཁང་གི་དྲོད་ཁང་ནང་ཡུལ་མིས་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་པ།

འདི་ནི་དྲོད་ཁང་ཆེ་མོའི་ནང་གི་སྔོ་ཚལ་གྱི་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད་པའི་རྣམ་པ་ཡིན་པ།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མཁར་སྨད་ཤང་རྒྱ་སྨད་གྲོང་ཚོས་དྲོད་ཁང་ཆེ་མོར་སྔོ་ཚལ་འདེབས་འཛུགས་བྱེད་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། དྲོད་ཁང་ཆེ་མོ་རེ་རེའི་ནང་སྔོ་ཚལ་དང་ཤིང་ཏོག་སྣ་ཚོགས་སྐྱེ་འཚར་ཡག་པོ་ཡོད་པས་ས་གནས་དེ་གའི་ཡུལ་མིར་འཚོ་བཅུད་ཆེ་བའི་ནམ་དུས་སྔོ་ཚལ་སོས་པ་མཁོ་འདོན་ཐུབ་ནས་ཡུལ་མིའི་བཟའ་བཏུང་གི་གྲུབ་ཆ་ལེགས་སུ་ཕྱིན་ཡོད་ལ། དེ་ནས་སྐྱེས་པའི་སྔོ་ཚལ་ཕྱི་ཕྱོགས་སུ་བྲིན་ཚོང་བྱེད་ཀྱི་ཡོད་པས་གྲོང་ཚོའི་མཉམ་སྡེབ་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད། མཉམ་ལས་ཁང་གིས་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཟུང་འབྲེལ་བྱས་པས་མང་ཚོགས་ཀྱི་ཟས་རིགས་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། མང་ཚོགས་ས་ཆ་དེ་ག་ནས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་ཐུབ་ནས། ཁྱད་ལྡན་འདེབས་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་ཏེ་ས་མཐོའི་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་འགྲོ་བའི་གསོན་ཉམས་དོད་པའི་རྣམ་པ་ཞིག་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།