ཉིང་ཁྲི་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་་ཁྲིམས་སྐྱོང་རྨང་གཞི་བརྟན་དུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་དམིགས་ནས། བཙན་ཞིང་ནན་པའི་ལམ་ལུགས་གཏོད་པ་དང་། ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བ། ནུས་ཆེའི་ཞབས་ཞུ་སྒྲུབ་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། ཁེ་དབང་སྲུང་སྐྱོང་་བཅས་ཀྱི་མ་ལག་ཆེན་པོ་ལྔ་གསར་གཏོད་བྱས་ཏེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་བཏང་ནས་ཁྲོམ་རའི་འཕེལ་རྒྱས་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་པ་རེད།
བཙན་ཞིང་ནན་པའི་ལམ་ལུགས་འཛུགས་སྐྱོང་ཐད། ཡུལ་དེས་སྲིད་ཇུས་ཀྱི་ཞིབ་དཔྱད་དང་། ཁེ་ལས་ཀྱི་ཞུ་སྦྱོར། འགན་དབང་དོ་དམ་བཅས་ཀྱི་ཆ་ཚང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། རང་ངོས་ཞིབ་དཔྱད་དང་། ཕྱོགས་གསུམ་པའི་ཚོད་སྐོར། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ཟུང་དུ་འབྲེལ་བའི་གཞུང་དྲང་གི་འགྲན་རྩོད་ཞིབ་དཔྱད་བྱེད་སྟངས་བཏོད་ཅིང་། ད་ལོར་རིམ་རྩིས་བརྒྱབ་ན་སྲིད་ཇུས་དང་ཡིག་ཆ་ཁག་10ལ་ཞིབ་དཔྱད་བྱས་ནས་ཁྲོམ་རའི་གཅིག་གྱུར་ལ་འགོག་རྐྱེན་བཟོ་བའི་གནད་དོན་ཐོན་མེད་པ་དང་། ཁེ་ལས་ཀྱི་ཞུ་སྦྱོར་ཐག་གཅོད་བྱེད་ཚད་100%ཟིན་པ། མང་ཚོགས་བློ་ཡིད་ཚིམ་ཚད་99%ལྷག་ཙམ་ཟིན་ཡོད་པ་རེད།
གཞུང་དྲང་ཤེས་དཔལ་གྱི་ཁྲིམས་སྒྱུར་བྱེད་སྟངས་ཚད་ལྡན་དུ་བཏང་ནས་ཁེ་ལས་གཉེར་སྐྱོང་ལ་འགོག་རྐྱེན་བཟོ་ཉུང་དུ་ཏན་ཏིག་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ནོར་སྲིད་དང་རང་བྱུང་ཐོན་ཁུངས་སོགས་གཙོ་གནད་སྡེ་ཚན་བརྒྱད་ལ་རྒྱུན་རྣམ་ཅན་གྱི་ཁྲིམས་སྒྱུར་ལྟ་སྐུལ་ལས་དོན་སྤེལ་ནས། ཁྲིམས་སྒྱུར་གནད་དོན་ཁག་15གསེད་བཀྲོལ་དང་དག་ཐེར་བྱས་ཏེ་དྲ་ཐོག་གི་ཁུངས་སྣེ་ཚང་མ་ཐག་གཅོད་བྱས་པ་རེད། གྲོང་ཁྱེར་དང་རྫོང་གི་ཁྲིམས་སྒྱུར་མི་སྣ་550ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཐོབ་ཐང་གསོ་སྦྱོང་བྱས་པ་དང་། རྫོང་རིམ་པའི་རྒྱུགས་ཚུགས་4མང་དུ་བཏང་ནས་གཞི་རིམ་ལ་སྟབས་བདེ་བསྐྲུན་པ། མི་644ལ་ཁྲིམས་སྒྱུར་ལག་ཁྱེར་བརྗེ་སྤྲོད་བྱས་པ་རེད། “ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”དང་ཡུལ་དངོས་མིན་པའི་ལྟ་འདོམས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ཡུལ་དངོས་མིན་པའི་ལྟ་འདོམས་ཁྱབ་ཚད་100%ཟིན་པ། མཉམ་འབྲེལ་ཁྲིམས་སྒྱུར་ཞིབ་བཤེར་ཐེངས་20ལྷག་ཙམ་བྱས་ནས་དོན་དག་མེད་ཚེ་རྙོག་དྲ་མི་བཟོ་བ་དང་དགོས་མཁོ་ཡོད་ཚེ་མྱུར་དུ་སྒྲུབ་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད།
ཐབས་ལམ་མང་པོ་སྤྱད་ནས་གཉེར་སྐྱོང་བྱེད་པོའི་ཁྲིམས་མཐུན་ཁེ་དབང་བསྲུངས་ཞིང་། སྲིད་འཛིན་བསྐྱར་གྲོས་ཀྱིས་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་རྩོད་གཞི་ནུས་ལྡན་ངང་བསལ་ནས། ད་ལོར་བསྐྱར་གྲོས་གྱོད་གཞི་ཁག་5བདག་སྤྲོད་བྱས་པ་དང་གྱོད་གཞི་ཚང་མ་ཐག་གཅོད་བྱས་པ་རེད། ཁེ་ལས་དང་འབྲེལ་བའི་གཏུག་བཤེར་ཤར་གཏོང་བགྲོད་ལམ་བཏོད་དེ། གྱོད་དོན་ཐོ་འགོད་དང་། ཞིབ་གཅོད། ལག་བསྟར་བཅས“དམིགས་བཀར་ལྔ”དོན་འཁྱོལ་བྱས་ནས། གྱོད་དོན་ཐོ་འགོད་བྱེད་པའི་ཆ་སྙོམས་དུས་ཚོད་ལས་ཀའི་ཉིན་2བར་ཐུང་དུ་ཕྱིན་པས། དམངས་ཚོང་དོན་གྱི་ཁེ་ལས་དང་འབྲེལ་བའི་གྱོད་གཞི་འདུམ་འགྲིག་དང་གཏུག་བཤེར་ཕྱིར་འཐེན་བྱེད་ཚད་བཅུ་ཆ་དྲུག་ལྷག་ཙམ་ཟིན་ཡོད་པ་རེད། སྡེ་ཚན་མང་པོས་རྩོད་གཞི་མཉམ་སེལ་གྱི་ལམ་སྲོལ་བཙུགས་ཏེ། ལོ་ཧྲིལ་པོར་ཁེ་ལས་དང་འབྲེལ་བའི་གྱོད་གཞི་ཁག་1780ལག་བསྟར་མཐའ་འདོམས་བྱས་པ་དང་། ལག་བསྟར་མ་དངུལ་སྒོར་དུང་ཕྱུར་4.38བཏང་ནས་གཉེར་སྐྱོང་བྱེད་པོའི་ཡིད་རྟོན་སླར་གསོ་ཁག་94ལེགས་སྒྲུབ་བྱས་ནས་ཁེ་ལས་ཀྱི་གཏུག་བཤེར་ཁུར་པོ་ནུས་ལྡན་ངང་ཡང་དུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།