ཐོན་ལས་དར་ཞིང་ཐོན་འབབ་ལེགས་པས་མཉམ་སྡེབ་ལ་འབབ་འཕར་བྱུང་བ།

དེ་སྔ་དུད་ཚང་སོ་སོས་འདེབས་འཛུགས་བྱེད་པས་ཐོན་འབབ་ཉུང་ལ་ཚོང་ལམ་ཡང་ཡངས་པོ་མེད་པའི་དཀའ་གནད་དེ་སེལ་ཆེད། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་རྣམ་རྒྱལ་གླིང་གྲོང་ཚོས་བེད་མེད་དུ་ལུས་པའི་ས་ཞིང་མུའུ་སུམ་ཅུ་ལྷག་ཙམ་གཅིག་གྱུར་ཐོག་ནང་བཤུག་བཏང་ནས་སྤུས་ལེགས་ཐོན་མཐོའི་ཞོག་ཁོག་གི་སོན་བཟང་ནང་འདྲེན་བྱས་ནས་བཏབ་ཡོད། ད་ལོ་གྲོང་ཚོའི་མཉམ་སྡེབ་ཀྱི་ཞོག་ཁོག་ཞིང་ཁ་མུའུ་རེའི་ཐོན་འབབ་རྒྱ་མ་3000ལྷག་ཙམ་ཟིན་པ་དང་སྤྱིའི་ཐོན་འབབ་རྒྱ་མ་ཁྲི་9ལྷག་ཙམ་ཟིན་ནས་སྔོན་དཔག་བྱས་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་10.8ཡོང་བཟོ་ཡོད། འདི་ནི་རྣམ་རྒྱལ་གླིང་གྲོང་ཚོའི་ཐོན་འབབ་ལེགས་པའི་ཞོག་ཁོག་ཡིན་པ།
འབྲེལ་ཡོད་གསར་འགྱུར།