དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུར་ཤེས་དཔལ་ལག་ལེན་གྱི་རྣམ་པ་གསར་པས་ཁེངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-23

    ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་གསེར་ཉ་གླིང་ཕྲན་དུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་ཤིན་ཏུ་དོད་ཅིང་། 2026ལོའི་ནག་ཆུ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་སྤྱི་ཕན་ཚོང་འདུས་ཀྱི་དཔེ་སྟོན་བྱེད་སྒོ་དེ་གར་སྤེལ་འགོ་ཚུགས་པར་མང་ཚོགས་ཆིག་སྟོང་ལྷག་ཙམ་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུས་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ་དང་བླངས་ཞབས་ཞུའི་དཔུང་ཁག་དང་། སྨན་བཅོས་སྒྲིག་གཞི སྤྱི་ཚོགས་རྩ་འཛུགས་སོགས་ཕྱོགས་མང་པོའི་སྟོབས་ཤུགས་སྤྱི་འདོམས་མཉམ་འགུལ་བྱས་ནས“ཚོང་འདུས་ཀྱིས་ལས་སྟེགས་བཏོད་པ་དང་། ཤེས་དཔལ་ལག་ལེན་བསྟར་བ། སྤྱི་ཕན་དམངས་ཕན”བཅས་ཀྱི་རྣམ་པ་བརྒྱུད་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་འཇགས་པ་དང་བསམ་བློའི་ཁྲིད་སྟོན། དམངས་ཕན་ཞབས་ཞུ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཧུར་ཐག་བསལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།