དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྲག་རི་གསོར་གྱིས་འབིགས། བཟོ་བོའི་སྙིང་སྟོབས་མངོན།

    ——རང་སྐྱོང་ལྗོངས་ཀྱི་ལག་རྩལ་མཁས་པ་རྡོ་རྗེ་རྒྱལ་མཚན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-23

    ད་ལོ་ལོ་44ལ་སླེབས་པའི་རྡོ་རྗེ་རྒྱལ་མཚན་ནི་བོད་ལྗོངས་ས་གཤིས་རུ་ཁག་གསུམ་པའི་གཏེར་ལས་ཚད་ཡོད་ཀུང་སིའི་ས་གཤིས་གསོར་འབིགས་རྩད་ཞིབ་ཀྱི་མཐོ་རིམ་བཟོ་པ་ཞིག་རེད། 2002ལོར་ལས་ཀར་ཞུགས་པའི་ཁོང་གིས་གསོར་འབིགས་རྩད་ཞིབ་ཀྱི་འཐབ་ས་དང་པོར་ལས་ཀ་ལོ་ཉི་ཤུ་རྩ་བཞི་ལྷག་ཙམ་བྱས་པ་དང་། སྔ་རྗེས་སུ་གསོར་འབིགས་རྩད་ཞིབ་ཀྱི་ལས་འགན་ཁག་བཅུ་ལྷག་ཙམ་གྱི་གཙོ་འགན་ཁུར་ནས་རིམ་རྩིས་བརྒྱབ་ན་གསོར་འབིགས་རྩད་ཞིབ་སྨི་ཁྲི་གཅིག་ལྷག་ཙམ་བྱས་ཡོད། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་སྐྱེ་ཁམས་ཆུ་བེད་ལས་གྲྭ་སོགས་ཀྱི་ཁྱབ་ཁོངས་སུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བས་ད་ལོ“ལྗོངས་ཡོངས་ཀྱི་ལག་རྩལ་མཁས་པའི”མཚན་སྙན་ཐོབ་པ་རེད།

    གསོར་འབིགས་རྩད་ཞིབ་ཀྱི་ལས་དོན་ལ་ཆེད་ལས་རང་བཞིན་ཆེན་པོ་ལྡན་ཞིང་། “ས་འོག་གི་གནས་ཚུལ་མཐོང་མི་ཐུབ་ལ་རེག་ཀྱང་མི་ཐུབ་པས། གནོན་ཤུགས་འཇལ་ཆས་ནི་ང་ཚོའི་མིག་ལྟ་བུ་རེད”ཅེས་རྡོ་རྗེ་རྒྱལ་མཚན་གྱིས་ངོ་སྤྲོད་བྱས།

    ལས་ཀ་ཚང་མ་ལོ་མང་བསགས་པའི་ཉམས་མྱོང་ལ་བརྟེན་དགོས། ས་འོག་གི་བྲག་རིམ་ལ་ཆ་ཚང་བ་དང་། ཆག་གྲུམ་ཤོར་བ་ཡོད་ལ། བྱེ་རིམ་ཡང་ཡོད། མི་གཞན་གྱིས་ཇི་ལྟར་བྱེད་དགོས་མིན་མི་ཤེས་པའི་སྐབས་ཁོང་གིས་བལྟས་པ་ཙམ་གྱིས་སེམས་ནང་གདེང་ཚོད་ཡོང་གི་ཡོད་པ་རེད།

    ལས་རོགས་སྐལ་བཟང་གིས“ཁོང་ལ་ལག་ལེན་གྱི་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད”ཐེངས་ཤིག་ལས་ཁུངས་ཀྱིས་གསོར་འབིགས་འཕྲུལ་འཁོར་གསར་པ་ཞིག་ཉོས་འདུག སྐབས་དེ་དུས་མི་ཚང་མས་ཇི་ལྟར་སྤྱོད་དགོས་མིན་མ་ཤེས་པའི་སྐབས་རྡོ་རྗེ་རྒྱལ་མཚན་གྱིས་ལྟ་ཙམ་དང་ལག་པས་འགུལ་ཙམ་བྱས་མ་ཐག་འཕྲུལ་འཁོར་སྤྱོད་སྟངས་ཤེས་ཡོད་ཅེས་ཕྱིར་དྲན་བྱེད་བཞིན་དུ་བརྗོད།

    ཁོང་གིས་ལག་རྩལ་ཐད་ནམ་ཡང་སྦས་གསང་བྱེད་ཀྱི་མེད། “དངོས་སུ་མ་བསླབ་ན་རིགས་གཞུང་བརྒྱ་བཤད་སྟོང་བཤད་བྱས་ཀྱང་ཕན་ཐོགས་ཀྱི་མ་རེད”ཅེས་ཤོད་ཀྱི་ཡོད་ལ་ཁོང་གིས་ཁུང་བུའི་ནང་དུ་སྐྱོན་ཡོད་མེད་དབྱེ་འབྱེད་དང་འདམ་བག་གཡོ་སྟངས་སོགས་མི་གཞན་གྱིས་སྐད་ཆ་གང་དྲིས་པ་དེ་རེ་རེ་བཞིན་སློབ་ཀྱི་ཡོད། ད་ཆ་ལས་རོགས་པ་ཚེ་དང་ཚེ་བརྟན་སོགས་གཞོན་ནུ་འགས་ཀྱང་གཏེར་ཁུལ་མང་པོར་ལས་འགན་ལྕི་པོ་འཁུར་ཐུབ་ཀྱི་ཡོད། གསོར་འབིགས་རྩད་ཞིབ་པའི་ལས་ཀའི་ཐད། རྡོ་རྗེ་རྒྱལ་མཚན་དང་ཐོག་དཔའ་ཞུམ་མྱོང་ཡོད། ཁོང་གིས“ལས་ཀ་དེ་ཡུན་རིང་མི་མེད་ལུང་སྟོང་དུ་བྱེད་དགོས་པས་དཀའ་ལས་ཧ་ཅང་ཁག་པོ་ཡོད”ཅེས་བརྗོད། རྗེས་སུ་ཁོང་གིས་ས་གཤིས་རྩད་ཞིབ་མི་སྣས་རི་ལ་འཛེགས་ནས་རྩད་ཞིབ་བྱེད་པ་དང་། རྟགས་བརྒྱབ་རྗེས་རང་ཉིད་ཀྱིས་གཏེར་ཁ་སྔོག་ཐུབ་སྐབས་སེམས་ལ་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཆེན་པོ་ཞིག་སླེབས་ཀྱི་ཡོད། ཁོང་གིས“ཁོང་ཚོའི་ལས་ཀ་ངལ་བ་འབྲས་མེད་དུ་གྱུར་མེད། ང་ཚོས་མཐུན་སྒྲིལ་མཉམ་ལས་ཐོག་ལས་ཀ་ཡག་པོ་བྱས་ཚེ་བྱེད་རིན་ཡོད་པ་ཞིག་རེད”ཅེས་བརྗོད།

    གསོར་འབིགས་རྩད་ཞིབ་ནི་གཏེར་ཁ་འཚོལ་བའི་སྔོན་འགྲོའི་ལས་ཀ་ཡིན་པ་དང་། སྨི་རེ་རེར་རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་གཏེར་ཁ་རྩད་ཞིབ་དང་འབྲེལ་བ་ཡོད་ལ་སྐྱེ་ཁམས་ཆུ་བེད་དང་དམངས་འཚོའི་ལས་གྲྭ་དོན་ཐོག་ཏུ་འཁྱོལ་ཐུབ་མིན་དང་ཡང་འབྲེལ་བ་ཡོད། “ད་ལྟ་སྔར་བཞིན་མི་མེད་ལུང་སྟོང་དུ་སྐྱོད་དགོས་པ་དང་ཡུན་རིང་དེར་སྡོད་དགོས་ཀྱི་ཡོད་མོད། འོན་ཀྱང་ལག་རྩལ་བེད་སྤྱོད་ཐུབ་པས་ངའི་འདོད་བློ་ཁེངས་སོང”ཞེས་བརྗོད།

    ལོ་འདི་དག་རིང་། ཁོང་གིས་གནོང་འགྱོད་ཆེ་ཤོས་བྱེད་ པ་ནི་ཁྱིམ་མིར་ལྟ་རྟོག་ཡག་པོ་ཐུབ་མེད་པ་དེ་རེད། ཁོང་དང་བཟའ་ཟླ་མཚམས་གཅོད་གཉིས་2008ལོར་ལྷོ་ཁར་ངོ་ཤེས་པ་དང་། གཉེན་སྒྲིག་བྱས་རྗེས་ཁོང་གཉིས་ལ་བུ་གཅིག་དང་བུ་མོ་གཅིག་བྱུང་། ཁོང་རྒྱུན་དུ་མི་མེད་ལུང་སྟོང་དུ་སྡོད་དགོས་པས། ཁྱིམ་གྱི་ཕྱི་ནང་ཚང་མ་བཟའ་ཟླ་གཅིག་པུས་སྐྱོང་དགོས་ཀྱི་ཡོད། “ངས་བློ་བདེ་པོའི་ངང་ལས་ཀ་བྱེད་ཐུབ་དོན་ནི་བཟའ་ཟླའི་བཀའ་དྲིན་ཡིན། ཁོང་དངོས་འབྲེལ་དཀའ་ལས་ཁག་སོང”ཞེས་རྡོ་རྗེ་རྒྱལ་མཚན་གྱིས་བརྗོད།

    སེམས་ནང་རྟག་ཏུ་ཁྱིམ་མིར་ལྟ་རྟོག་ཡག་པོ་བྱུང་མ་སོང་སྙམ་རུང་། ལས་ཀ་ཐོན་མ་ཐག་ཁོང་སྔར་བཞིན་ཕྱོགས་ཐོན་བྱེད་དགོས་ཀྱི་ཡོད། “ལྗོངས་ཡོངས་ཀྱི་ལག་རྩལ་མཁས་པའི”གཟི་བརྗིད་མཚན་སྙན་ཐོབ་པར་ཁོང་གིས་སྤོབས་པ་མ་བྱས་པར་མུ་མཐུད་གསོར་འབིགས་ལས་ཀ་ཡག་པོ་བྱས་ནས་གཞོན་ནུ་མང་ཙམ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།