དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་9པར་གྲོང་ཁྱེར་70ཡི་ཁང་པའི་གོང་ཚད་གྲངས་གཞི་ལས་ཁང་ཁྲོམ་གྱི་རྣམ་པ་བརྟན་དུ་ཤུགས་ཆེན་ཕྱིན་པ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-22

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་9པར་གྲོང་ཁྱེར་ཆེ་འབྲིང་70ཡི་ནང་གྲོང་ཁྱེར་རིམ་པ་དང་པོའི་ཚོང་སྒྱུར་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་གོང་མ་ལས་མུ་མཐུད་འཕར་བ་དང་། གྲོང་ཁྱེར་རིམ་པ་གཉིས་པ་དང་གསུམ་པའི་ཟླ་བསྡུར་ཆག་ཚད་སྤྱིའི་ཆ་ནས་ཆུང་དུ་ཕྱིན་པ། གྲོང་ཁྱེར་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དུས་མཚུངས་ཆག་ཚད་ཚང་མ་ཆུང་དུ་ཕྱིན་ཡོད། ལས་རིགས་ནང་ཁུལ་གྱི་མི་སྣས། རིན་གོང་གི་མཐའ་སྣེའི་ཟླ་བསྡུར་དང་དུས་མཚུངས་ཀྱི་དམིགས་ཚད་ཚང་མ་ལེགས་སུ་ཤུགས་ཆེན་ཕྱིན་ནས། དཔེ་སྟོན་གྲོང་ཁྱེར་གྱིས་ཁྲོམ་ར་བརྟན་པོ་ཡོང་བའི་སྐུལ་ཁྲིད་ནུས་པ་འདོན་པ་དང་། སྡོད་ཁང་ཉོ་ཚོང་གི་སྤྱི་ཡོངས་ཀྱི་རྣམ་པ་དེ་བས་མཉེན་ཆ་ལྡན་པ། ཁང་ཁྲོམ་བརྟན་པོའི་རྣམ་པ་མུ་མཐུད་ཤུགས་ཆེན་མངོན་ཡོད་ཅེས་བཤད།

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། ཟླ་9པར་གྲོང་ཁྱེར་རིམ་པ་དང་པོའི་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་གོང་མ་ལས་0.1%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་དང་གཅིག་མཚུངས་རེད། གྲོང་ཁྱེར་རིམ་པ་དང་པོའི་ཉིས་བརྒྱུད་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་གོང་མ་ལས་0.2%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1གིས་མཐོ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།