ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་བློ་སེམས་གཅིག་མཐུན་གྱིས་འབད་འབུངས་བྱེད་དགོས།
ཝང་ཞང་།
ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ་70འཁོར་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། “ཆབ་སྲིད་གསོ་སྦྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་དགོས”པ་དང“ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས”ཞེས་ནན་བཤད་གནང་ཡོད།
ཐུན་མོང་གི་རྩ་བ་ཇི་ཙམ་ཟབ་ན་བློ་སེམས་གཅིག་མཐུན་གྱི་སྡོང་པོ་དེ་ཙམ་གྱིས་རྒྱས་ཐུབ། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མྱུར་པོ་འབྱུང་བཞིན་ཡོད་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འདི་ཉིད་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དུས་བབ་རྙོག་འཛིང་ཇི་ཙམ་ཆེ་བ་དང་ལས་འགན་ལྗིད་རྫོབ་ཇི་ཙམ་ཆེ་ན་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དེ་ཙམ་གྱིས་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་ནས་ས་གནས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་བར། སློབ་གཉེར་ནི་ས་བོན་འདེབས་པ་བཞིན་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་སློབ་མ་མི་རེ་ངོ་རེའི་སེམས་སུ་ཟུག་པར་བྱེད་དགོས།
ཐུན་མོང་ངོས་འཛིན་ཇི་ཙམ་བརྟན་དུ་སོང་ཚེ་འབད་འབུངས་ཀྱི་སྒུལ་ཤུགས་དེ་ཙམ་གྱིས་ཆེ་རུ་འགྲོ་སྲིད། དམངས་གཙོའི་ཏང་ཤོག་གི་ཁོངས་མིས་ས་གནས་ཁག་ཏུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཡང་དག་གནད་འཕིགས་ཀྱི་ལྟ་བ་སྲིད་ཇུས་ཀྱི་ཐབས་འདོན་ཇུས་འགོད་ནང་འབྲི་བ་དང་། དམངས་གཉེར་ཁེ་ལས་མཁས་ཅན་གྱིས་འགན་འཁྲི་ཧུར་ཐག་ཁུར་ནས་ཚན་རྩལ་འགག་སྒྲོལ་དང་ཐོན་ལས་ཕྱོགས་སྒྱུར་ཁྲོད་ལས་དོན་ཧུར་ཐག་སྒྲུབ་པ་ལ་སོགས་སྤྱི་ཚོགས་ལས་རིགས་ཁག་གིས་རིག་པ་གཅིག་ཏུ་སྒྲིམ་པ་དང་ནུས་ཤུགས་གཅིག་ལ་བཏོན་ནས་བྱ་གཞག་རླབས་པོ་ཆེ་མཉམ་དུ་གཏོད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། བློ་ཁ་གཏད་མིན་དང་སྟོབས་ཤུགས་བསྡུར་རྒྱུ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱལ་ཕམ་ཅི་ཡོང་གི་འགག་རྩ་ཡིན། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་བློ་སེམས་གཅིག་སྒྲིལ་དང་། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཚེ། ང་ཚོས་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུར་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་དང་སླར་ཡང་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།