ཧྲན་ཏུང་རུང་ཁྲེང་དུ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་དངོས་ཟོག་དབོར་བར་བྲེལ།

འདི་ནི་ཟླ་10ཚེས་19ཉིན་ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་དོ་དམ་ཆུས་ཀྱི་ཧྲི་ཏའོ་ཤིན་ཀང་འགག་སྒོར“རི་ཚོགས་མུ་ཏིག”རྟགས་ཅན་སོགས་ཕྱི་རྒྱལ་གྱི་ཟོག་འདྲེན་གྲུ་གཟིངས་གྲུ་ཁར་ཞིབ་དཔྱད་ཚད་ལེན་བྱས་རྗེས་དོས་སྒམ་ནང་གི་དངོས་ཟོག་འབེབས་པ་དང་དབོར་སྐྱེལ་བྱེད་བཞིན་པ།
འདི་ལོ་ཚུན་དུ། རུང་ཁྲེང་གྲོང་ཁྱེར་གྱིས་མཚོ་ཐོག་སྐྱེལ་འདྲེན་ཐད་གཏོང་དང་། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན། ཕྱི་རྒྱལ་གྱི་མཛོད་ཁང་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་ཧུར་ཐག་བཏང་སྟེ། ཆུའི་ཐོན་རྫས་དང་། འགྱིག་འཁོར། གློག་རྡུལ་ཐོན་རྫས། གྱོན་གོས་སོགས་སྲོལ་རྒྱུན་གྱི་དངོས་ཟོག་ནུས་ཤུགས་ཡོད་རྒུས་སྐྱེལ་འདྲེན་བྱེད་པ་དང་དུས་མཚུངས་ཚོང་ཤག་མང་དུ་གཏོང་བ་དང་ཟོག་ཁུངས་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ལས་སྒོའི་ཁྱབ་ཁོངས་དང་བར་མཐོངས་སྔར་བས་རྒྱ་ཆེར་གཏོང་བ་དང་། སྣ་མང་ཅན་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བརྟན་པོ་བྱེད་པ། བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་དོས་སྒམ་གྱི་འཁོར་རྒྱུག་བྱེད་ནུས་དང་སྐྱེལ་འདྲེན་གྱི་བདེ་འཇགས་རང་བཞིན་ཆེ་རུ་བཏང་སྟེ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་མྱུར་ཚད་མགྱོགས་སུ་གཏོང་བར་འདེགས་སྐྱོར་བརྟན་པོ་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།