ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་170པ་དངོས་སུ་སྤེལ་འགོ་ཚུགས་པ།
ཟླ་10ཚེས་19ཉིན། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་170པའི་འགོ་ཚུགས་མཛད་སྒོ་ཡུན་ནན་ཤིས་ཧྲོང་པན་ནར་འཚོགས་ཤིང་། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་འབྲེལ་ཡོད་ཁྲིམས་སྒྱུར་སྡེ་ཚན་གྱི་ཁྲིམས་སྒྱུར་རུ་མི་100ལྷག་ཙམ་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་བྱ་སྤྱོད་ལམ་དུམ་དབྱེ་ནས་སྐོར་གཡེང་གྲུ་གཏོང་དང་། ལམ་ཐིག་ཧྲིལ་པོར་མཉམ་འགུལ་སྐོར་གཡེང་། མཚོ་ཐོག་དང་སྐམ་ས་མཉམ་འགུལ་བཅས་ཀྱི་རྣམ་པའི་ཐོག་ནས་སྤེལ་རྒྱུ་ཡིན་ཞིང་། མེ་ཀུང་གཙང་པོའི་གཙོ་གནད་མཚོ་ཐོག་གྲུ་ལམ་དང་། ཉེན་གྲམ་ཆུ་ཁོངས། ཆུ་ངོགས་གྲུ་ཁ། དེ་བཞིན་ཆུ་ལག་གྲུ་ཁ་བཅས་སུ་སྐོར་གཡེང་དམ་བསྒྲགས་བྱ་རྒྱུ་དང་། དུག་རྫས་འདྲེན་འཚོང་དང་། ཁྲིམས་འགལ་ལྐོག་བརྒལ། རྒྱལ་སྒྲོལ་ལྐོག་ཚོང་སོགས་རྒྱལ་མཚམས་སྒྲོལ་བའི་ཁྲིམས་འགལ་ཉེས་གསོག་རིགས་སྣ་ཚོགས་ལ་དམ་པོར་དམིགས་ཏེ། མཚོ་ཐོག་འགྲུལ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས། གཙང་པོ་རྒྱུག་ཁུལ་གྱི་བདེ་འཇགས་ཉེན་ཁ་སྣ་ཚོགས་འགོག་སེལ་བྱས་ཏེ། ཆུ་ངོགས་ཀྱི་རྒྱལ་ཁབ་ཁག་གི་མང་ཚོགས་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་གྲུ་གཟིངས་དང་གྲུ་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།