ཧྲང་ཧའེ་ལ་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྐབས་དང་པོའི“གསར་གཏོད་གྲོང་ཁྱེར”གྱི་བྱ་དགའ་ཐོབ་པ།
ཉེ་ཆར། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་རི་ནེ་ཝའི་སྤྱི་ཁྱབ་པུའུ་རུ་འཚོགས་པའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་སྐབས་དང་པོའི“གསར་གཏོད་གྲོང་ཁྱེར”གྱི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་ཧྲང་ཧའེ་དེ་ཉིད་ད་ཐེངས་ཀྱི་དམིགས་བསལ་མཚན་སྙན་ཐོབ་མཁན་ཁག་དང་པོའི་གྲོང་ཁྱེར་གསུམ་གྱི་གྲས་ཡིན་པ་རེད། བྱ་དགའ་དེའི་རྒྱལ་སྤྱིའི་ཞིབ་དཔྱད་ཚོགས་པའི་ཞིབ་དཔྱད་ཨུ་ཡོན་མང་པོས་ཧྲང་ཧའེ་ཡིས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་ཁས་ལེན་ཧུར་ཐག་བྱས་པ་དང་བྱ་ཐབས་གང་ལེགས་བཏོན་པར་བསྔགས་བརྗོད་བྱས་པ་མ་ཟད། ཧྲང་ཧའེ་ནི“གསར་གཏོད་གྲོང་ཁྱེར”གྱི་དཔེ་མཚོན་ཞིག་ཡིན་པའི་གདེང་འཇོག་ཀྱང་བྱས་པ་རེད།
“གསར་གཏོད་གྲོང་ཁྱེར”གྱི་བྱ་དགའ་དེ་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་2026ལོར་ཐེངས་དང་པོར་སྤྲད་པ་དང་། ཁོངས་མིའི་རྒྱལ་ཁབ་194ཡི་གྲོང་ཁྱེར་ལ་ཁ་ཕྱོགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་བྱ་དགའ་ཐོབ་མཁན་གྲོང་ཁྱེར་གྱིས་འབྱུང་འགྱུར་ལོ་གཅིག་ནང་གསར་གཏོད་དང་བསམ་བཀོད་ལ་སྐུལ་འདེད་གཏོང་བར་བློ་ཁོག་ཆེན་པོས་ཁས་ལེན་བྱས་པར་གཟེངས་བསྟོད་བྱ་ཆེད་ཡིན་པ་རེད། ཧྲང་ཧའེ་ཕུད་པའི་བྱ་དགའ་ཐོབ་མཁན་གྲོང་ཁྱེར་གཞན་དག་གཉིས་ནི་པེར་ཀྲེམ་གྱི་ཧྲ་ལེ་ལོ་ཝ་དང་དབྱིན་ཇིའི་ལི་ཝུའུ་ཕུའུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།