དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ས་གནས་སྲིད་གཞུང་གི་མཉམ་ལས་དང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་གླེང་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-22

    ཉེ་ཆར། དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ས་གནས་སྲིད་གཞུང་གི་མཉམ་ལས་དང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་གླེང་མོལ་ཚོགས་འདུ་ཧྥུའུ་ཀྲོའུ་རུ་འཚོགས་ཤིང་། རྒྱལ་ཁབ་24ནས་ཡོང་བའི་ས་གནས་སྲིད་གཞུང་དང་མཛའ་གྲོགས་རྩ་འཛུགས་ཀྱི་འཐུས་མི་100ཙམ་གྱིས་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱ་རྒྱུར་དམིགས་པ་དང་། ས་གནས་སྲིད་གཞུང་གི་མཐུན་སྦྱོར་དང་། མཛའ་གྲོགས་གྲོང་ཁྱེར་གྱི་དངོས་སྒྲུབ་མཉམ་ལས། མི་ཆོས་རིག་གནས་དང་དམངས་སེམས་འབྲེལ་མཐུད་བཅས་ལ་དམིགས་ནས་ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་དང་མཉམ་ལས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་པ་རེད།

    གླེང་མོལ་ཚོགས་འདུར“མཚོ་ཐོག་དར་ལམ་གྱིས་བློ་རིག་བསྡུས་ནས་འཕེལ་རྒྱས་དོན་གཉེར་བྱེད། མཛའ་གྲོགས་གྲོང་ཁྱེར་མཉམ་འདྲེས་ཀྱིས་གཉིས་ཁེ་ཡོང་བར་སྐུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་ཡོད། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་དབན་མིང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ས་གནས་དབར་གྱི་འགྲོ་འོང་རྒྱ་ཆེར་བཏང་ནས་ཕན་ཚུན་འབྲེལ་མཐུད་ཀྱི་དྲ་བ་དེ་བས་ཚགས་དམ་དུ་གཏོང་བ་དང་། མཚོ་ཐོག་མཉམ་ལས་གཏིང་ཟབ་བྱས་ནས་གཉིས་ཁེ་གཉིས་ཕན་གྱི་གྲུབ་འབྲས་དེ་བས་ཆེ་བ་གཏོད་པ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་རྨང་གཞི་དེ་བས་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད།

    ཚོགས་འདུ་འཚོག་རིང་། ཚོགས་ཞུགས་སྐུ་མགྲོན་ཚོས་ད་དུང“གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དང་རྒྱལ་སྤྱིའི་ས་གནས་སྲིད་གཞུང་མཉམ་ལས”དང་། “རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་དང་རྒྱ་མཚོའི་དཔལ་འབྱོར་མཉམ་ལས” “ཐོན་ལས་མཐུན་སྦྱོར་དང་གླིང་ཁུལ་མཉམ་འགུལ་འཕེལ་རྒྱས” “རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་གྲོང་ཁྱེར་གྱི་སྤུས་རྟཌ་མཉམ་གཏོད”བཅས་ཀྱི་གྲོས་གཞི་ཁག་བཞིར་དམིགས་ནས་བགྲོ་གླེང་སྤེལ་རེས་གཏིང་ཟབ་བྱས་པ་དང་སྦྲགས། འབྲེལ་ཡོད་མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་དང་དཔལ་འབྱོར་ཚོང་དོན་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་ཡང་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།