བོད་ལྗོངས་ལྷོ་ཁའི་ཟ་རྭ་ལམ་གྱི་གཙང་སྒྲོལ་ཟམ་ཆེན་སྦྲེལ་མཐུད་ཐུབ་པ།

འདི་ནི་བོད་ལྗོངས་ལྷོ་ཁ་ཟ་རྭ་ལམ་གྱི་གཙང་སྒྲོལ་ཟམ་ཆེན་ཡིན་པ།

འདི་ནི་ཨར་པོ་བས་བོད་ལྗོངས་ལྷོ་ཁ་ཟ་རྭ་ལམ་གྱི་གཙང་སྒྲོལ་ཟམ་ཆེན་སྦྲེལ་མཐུད་ཐུབ་རྗེས་དྲན་རྟེན་པར་རྒྱག་བཞིན་པ།
ཟླ་10ཚེས་18ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟ་རྭ་ལམ་གྱི་གཙང་སྒྲོལ་ཟམ་ཆེན་སྦྲེལ་མཐུད་ཐུབ་ཅིང་། ཟམ་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ཡོད་པ་དང་། ཡར་ཀླུང་གཙང་པོ་འཕྲེད་བཅད་བཏང་ཡོད་པ་རེད།
ཟམ་པ་དེ་བསྐྲུན་རྗེས་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་འགྲིམ་འགྲུལ་གྱི་སྦྲེལ་ཐག་གལ་ཆེན་དུ་གྱུར་ཏེ་ལྷོ་ཁ་དང་ལྷ་སའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ནས། ས་ཁོངས་ཀྱི་ཐོན་ལས་མཐུན་སྦྱོར་ལ་སྐུལ་འདེད་དང་ལམ་རྒྱུད་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།