“མཚོ་སྐྱོར་བུམ་པའི”རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་མཚོ་སྔོན་དུ་གཉེར་བ།
ཉེ་ཆར། “མཚོ་སྐྱོར་བུམ་པའི”རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་གྱི་མཐའ་བསྡུར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལུས་རྩལ་ལྟེ་གནས་སུ་གཉེར་བ་དང་ཧྲན་ཏུང་ལེའོ་ཁྲེང་རུ་ཁག་ལ་ཨང་དང་པོ་ཐོབ་ཡོད། འགྲན་ཞུགས་རུ་ཁག་གིས་མཚོ་ཤར་དུ་འཛོམས་ནས་རྐང་རྩེད་སྤོ་ལོ་འབྲེལ་ཐག་ཏུ་བྱས་ཏེ་མཚོ་སྐྱོར་གྱི་མཛའ་གྲོགས་མཉམ་དུ་གླེང་ཡོད། མཚོ་སྔོན་པོའི་རླབས་ཕྲན་གཞོན་ནུ་ལོ་ཆུང་གི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ད་དུང་རྐང་རྩེད་སྤོ་ལོའི་སྤྱན་སྦིར་གྱི་མཉམ་བསྲེས་རུ་ཁག་དང་སྤྲོ་སྣང་ལྡན་པའི་གྲ་སྒྲིག་འགྲན་བསྡུར་བྱས་པ་རེད། མཚོ་སྐྱོར་གྱི་རོགས་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་དེས་སྔ་རྗེས་སུ་པེ་ཅིང་དང་། ཧྲན་ཏུང་། ཀན་སུའུ། ཧོ་ནན་བཅས་ས་ཆ་མང་པོའི་འགྲན་བསྡུར་ལ་ཞུགས་ཡོད། འགྲན་རའི་ཕྱི་རོལ་དུ་མཚོ་སྔོན་གྱི་སྤུས་ལེགས་དངོས་ཟོག་འོས་སྦྱོར་སོགས་ཀྱི་ཁྱད་ལྡན་བྱེད་སྒོའང་དུས་གཅིག་ཏུ་སྤེལ་བ་དང་། འགྲན་དཀྱིལ་གྱི་ངལ་གསོའི་སྐབས་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ་དང་མཚོ་སྔོན་གྱི་མཛའ་གཞས་རེས་མོས་ཀྱིས་བཏང་བས་འགྲན་རའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།