མཚོ་སྔོན་གྱིས“1+N”ནགས་ལས་དང་རྩྭ་ཐང་ཁྱབ་ཁོངས་ཀྱི་རྣམ་གྲངས་དོ་དམ་ལམ་ལུགས་མ་ལག་བཙུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་10ཚེས་19ཉིན། མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་ཁྱབ་ཁོངས་ཀྱི་རྣམ་གྲངས་དོ་དམ་ལམ་ལུགས་འཛུགས་སྐྱོང་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐེན་ཅན་གྱིས་གསར་འགྱུར་གཏམ་བཤད་སྤེལ་ནས། མཚོ་སྔོན་གྱིས་སྔར་ཡོད་ཀྱི་ལམ་ལུགས་ཡིག་ཆ་ཁག་77ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་པ་དང་། ཁག་4མེད་པར་བཟོས་པ། ཁག་26བཟོ་བཅོས་དང་གསར་བཟོ་བྱས་པ། 《མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་པའི་ལག་བསྟར་ཇུས་གཞི》གཅིག་འདོམས་སུ་བྱེད་པ་དང་ལས་སྒོའི་ཁྱབ་ཁོངས་ཁག་གི་ཆེད་དོན་ལམ་ལུགས་འདེགས་སྐྱོར་དུ་བྱེད་པའི“1+N”ལམ་ལུགས་མ་ལག་འཛུགས་པ། “དོན་དག་གཅིག་ལ་ལམ་ལུགས་གཅིག་གིས་དོ་དམ་བྱེད་པ་དང་ལམ་ལུགས་གཅིག་གིས་དོན་དག་གཅིག་ལ་དོ་དམ་བྱེད་པའི”བྱེད་སྟངས་སྤྱིར་ན་མངོན་འགྱུར་ཐུབ་ནས། ལམ་ལུགས་མ་ལག་དེ“ཕྱོགས་རྐྱང་ཁ་གསབ”ནས“མ་ལག་འདུས་གྲུབ”ཏུ་བསྒྱུར་བར་སྐུལ་འདེད་བཏང་ཡོད་ཅེས་བཤད།
མཚོ་སྔོན་གྱིས་ལམ་ལུགས་ནན་ཤོས་ཀྱི་ཐོག་ནས་ནགས་ལས་དང་རྩྭ་ཐང་གི་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་མོད། འོན་ཀྱང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལམ་ལུགས་མ་ལག་ལ་ད་དུང་ཞན་ཆ་མི་ཉུང་བ་ཞིག་གནས་ཡོད། ད་ལོའི་ཟླ་6པར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཆེད་དོན་བརྟག་ཞིབ་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་ས་ཆ་མང་པོའི་རྣམ་གྲངས་སྤེལ་ཡུལ་དུ་བསྐྱོད་ནས་ས་ཡུལ་དངོས་སུ་རྩད་ཞིབ་བྱས་ཏེ། ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ནས། ཞིང་ཆེན་དེ་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཁྱབ་ཁོངས་ལམ་ལུགས་ཀྱི“མེད་པ་བཟོ་བ་དང་། བཟོ་བཅོས་རྒྱག་པ། འཛུགས་པ”བཅས་ཀྱི་ཆེད་དོན་ལས་དོན་སྤེལ་བར་བཀོད་སྒྲིག་མགྱོགས་མྱུར་བྱས་པ་རེད།
“ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། རིགས་དབྱེ་ཐག་གཅོད། སྤྱི་འདོམས་སྐུལ་འདེད། ཕན་འབྲས་དངོས་ལ་སྣང་ཆེན”བཅས་ཀྱི་རྩ་དོན་གཞིར་བཟུང་། ཚན་རིག་དང་མཐུན་པའི་སྒོ་ནས་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ཏེ《མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་པའི་ལག་བསྟར་ཇུས་གཞི》བཏོན་པ་དང་འབྲེལ། རྒྱལ་ཁབ་ས་ཆ་སྔོ་འགྱུར་རྣམ་གྲངས་ཞིབ་བཤེར་རྩིས་ལེན་རྩིས་སྤྲོད་དང་ནགས་ལས་དང་རྩྭ་ཐང་རྣམ་གྲངས་ཀྱི་དུས་མཇུག་གི་དོ་དམ་སྲུང་སྐྱོང་སོགས་ཀྱི་ལམ་ལུགས་ལེ་ལག་ཚང་བའི་ངང་ལག་ལེན་བསྟར་ནས་རྣམ་གྲངས་འཛུགས་པ་དང་། འོས་སྐུལ་རྒྱག་པ། ལག་ལེན་བསྟར་བ། ཞིབ་བཤེར་རྩིས་ལེན། དོ་དམ་སྲུང་སྐྱོང་བཅས་ཀྱི་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱས་ཡོད། རྩྭ་ཐང་སྲུང་སྐྱོང་ཉམས་གསོར་དམིགས་ནས་རྩྭ་ཐང་ཉམས་གསོའི་རྣམ་གྲངས་ལག་བསྟར་ཞིབ་སྲོལ་དང་། ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་གི་ལག་རྩལ་ཕྱོགས་སྟོན། རྩྭ་ཐང་ཉམས་གསོ་ཁུལ་ལུགས་མཐུན་བེད་སྤྱོད་ལག་རྩལ་ཚད་ལྡན་དང་རྩྭ་ཐང་ཉམས་གསོའི་རྣམ་གྲངས་ཀྱི་དུས་མཇུག་གི་དོ་དམ་སྲུང་སྐྱོང་བྱ་ཐབས་བཅས་གཅིག་སྡུད་ཐོག་བཏོན་ནས། ཁྱབ་ཁོངས་རེར་ལམ་ལུགས་རེས་དོ་དམ་མཐར་ཕྱིན་པ་བྱས་པ། ནགས་ལས་དང་རྩྭ་ཐང་གི་སོན་ཁུངས་དོ་དམ་ལ་དམིགས་ནས་ཐོན་སྐྱེད་དང་། འཁོར་རྒྱུག བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་སྤུས་ཚད་ཁུངས་འདེད་འཁོར་འབྲེལ་ཆགས་པར་བྱས་པ་རེད།
བརྒྱུད་རིམ་བསྐྱར་བཟོ་དང་དབང་འགན་ཞིབ་ཚགས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ལས་ཀའི་བརྒྱུད་རིམ་ཁ་གསལ་དང་ཚད་ལྡན་བཟོས་ཏེ་རྩྭ་ཐང་ཉམས་གསོའི་ཁྱབ་ཁོངས་དཔེར་བཞག་ནས་ལམ་ལུགས་རབ་དང་རིམ་པ་རྣམ་གྲངས་རེ་ཞུ་དང་འཛུགས་པ་དང་། ཇུས་འགོད་ཞིབ་མཆན་འགོད་པ། ལག་བསྟར་དོ་དམ་བྱེད་པ། ཞིབ་བཤེར་རྩིས་ལེན་དང་གདེང་འཇོག་བྱེད་པ། དུས་མཇུག་གི་དོ་དམ་སྲུང་སྐྱོང་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཡོད། བྱེ་འགོག་བྱེ་བཅོས་ཀྱི་ཁྱབ་ཁོངས་སུ་མཚོ་སྔོན་ཞིང་ཆེན་གྱི་མཐོ་གྲང་བྱེ་ཁུལ་གྱི་བྱེ་འགོག་ཞིབ་བཤེར་རྩིས་ལེན་ལག་རྩལ་གྱི་ཕྱོགས་སྟོན་བཏོན་ནས་བྱེ་འགོག་བེད་སྤྱོད་ཀྱི་ལོ་ཚད་དང་། ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི། དཔེ་ལེན་སྒྲིག་སྲོལ་བཅས་ཁ་གསལ་བཟོས་ཏེ་མཐོ་གྲང་བྱེ་ཁུལ་གྱི་བྱེ་འགོག་ཨར་ལས་ཀྱི་སྤུས་ཚད་ཞིབ་བཤེར་རྩིས་ལེན་ལ་ལག་རྩལ་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། འགན་འཁྲིའི་མཐའ་ཚད་ཁ་གསལ་བཟོས་ཏེ《མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་པའི་ལག་བསྟར་ཇུས་གཞིའི》ནང་སྡེ་ཚན་བདུན་གྱི་འགན་འཁྲི་ཁ་གསལ་བཟོས་པ་དང་། ནགས(རྩྭ)དཔོན་དང་། ཉེན་རྟོག་དཔོན། ཅན་ཁྲ་ཀྲང་། ཁྲིམས་ཁང་གི་ཡོན་ཀྲང་བཅས་ཟུང་དུ་འབྲེལ་བའི་མཉམ་འགུལ་ལམ་སྲོལ་བཙུགས་པ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྣམ་གྲངས་ཀྱི་ནགས་ལས་དང་རྩྭ་ཐང་གི་ལྗང་པ་བེད་སྤྱོད་དང་གཡོག་བྱེད་བྱ་ཐབས་དང་ལྗང་པའི་སྤུས་ཚད་དོ་དམ་འགན་འཁྲིའི་ལས་བགོས་ལམ་ལུགས་ཀྱིས་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ། ཐོན་སྐྱེད་དང་འཁོར་རྒྱུག་ནས་བེད་སྤྱོད་བར་གྱི་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཁུངས་འདེད་མ་ལག་བཙུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།